གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ལྷ་ སའི་ བརྗེ་ སྒྱུར་ ས་ ཚིགས་ རྒྱལ་ ཁབ་ གློག་ དྲའི་ དར་ དམར་ བརྗེ་ སྒྱུར་ ས་ ཚིགས་ སུ་ བདམས་ པ།
2014-04-02       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་ཆར་གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར།  རྒྱལ་ཁབ་གློག་དྲ་བོད་ལྗོངས་ཞིབ་བཤེར་ཉམས་བཟོ་ཀུང་སི་ལྷ་སའི་བརྗེ་སྒྱུར་ས་ཚིགས་ལ་2013ལོའི་ལོ་འཁོར་གྱི་རྒྱལ་ཁབ་གློག་དྲ་ཀུང་སིའི་དར་དམར་བརྗེ་སྒྱུར་ས་ཚིགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་ཞིབ་བཤེར་ཉམས་བཟོ་ཀུང་སིའི་ལྷ་སའི་བརྗེ་སྒྱུར་ས་ཚིགས་ལ་ད་ཐེངས་ཀྱི་དཔྱད་བསྡུར་ཁྲོད་ཕྱོགས་བསྡུས་འཁོར་སྐྱོད་དང་།  སྒྲིག་ཆས་འཁོར་སྐྱོད་དོ་དམ།  མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག  རྒྱུན་གཏན་ལས་ཀའི་སྤུས་ཚད་སོགས་ཚད་གཞིའི་དཔྱད་ཞིབ་ཀྱི་སྐར་གྲངས་མཐོ་ཤོས་ཐོབ་པ་དང་།  རྒྱལ་ཁབ་གློག་དྲ་ཀུང་སིའི་འཁོར་སྐྱོད་ཞིབ་བཤེར་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་གདེང་འཇོག་བཟང་པོ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཕན་ལོ་གཉིས་ཙམ་རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་མཚོ་བོད་ཐད་རྒྱུག་བདེ་འཇགས་འཁོར་སྐྱོད་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་མི་སྣ་གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་།  ལས་ཡུལ་དངོས་ཀྱི་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་དམ་འཛིན་བྱས་པས།ལྷ་སའི་བརྗེ་སྒྱུར་ས་ཚིགས་ཀྱི་དུས་ཡུན་རིང་པོའི་བདེ་འཇགས་བརྟན་ལྷིང་འཁོར་སྐྱོད་འགན་ལེན་ནུས་ལྡན་ཐུབ་ཡོད།  2012ལོ་ནས་2013ལོ་འཁོར་བར་ལྷ་སའི་བརྗེ་སྒྱུར་ས་ཚིགས་སུ་བཙན་ཤེད་ངང་འཁོར་སྐྱོད་བྱེད་མཚམས་འཇོག་པའི་ལས་འཛོལ་གཅིག་ཀྱང་ཐོན་མེད་ཅིང་།  ནུས་པ་སྤྱོད་ཚད་93.94%ཟིན་པ་དང་གློག་བསྡུ་ལེན་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་7.1ལེགས་གྲུབ་བྱུང་ནས་2013ལོའི་ལོ་འཁོར་གྱི་ཞིབ་བཤེར་ཉམས་བཟོའི་ལས་དོན་བདེ་བླག་ངང་བསྒྲུབས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332322151