གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ ཆེད་ ལས་ མཉམ་ ལས་ ཁང་ དེ་ ཞིང་ འབྲོག་ པའི་ དབུལ་ སྒྲོལ་ ཕྱུག་ འགྱུར་ གྱི་ ཐབས་ ལམ་ གསར་ པར་ གྱུར་ བ།
2014-04-02       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་4ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་ནང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དེ་ཉིད་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གསར་པར་གྱུར་བ་དང་།  2013ལོའི་ལོ་མཇུག་བར་བོད་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནང་ཐོ་འགོད་བྱས་པའི་དུད་ཚང་1895ཟིན་པ་དང་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་13.41ཟིན་གྱི་ཡོད།

    བོད་རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་དབྱིང་ཁྲུན་གྱིས། བོད་ཀྱི་རིམ་ཁག་བཟོ་ཚོང་ཚན་པས་ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབྲེལ་ཡོད་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཆ་རྐྱེན་དང་བླང་བྱ་མུ་མཐུད་ལྷུག་ཏུ་བཏང་བ་དང་། ཞིང་འབྲོག་པའི་དུས་ཚིགས་རང་བཞིན་དང་གནས་སྐབས་རང་བཞིན། གཞི་ཁྱོན་ཆུང་བའི་དཔལ་འབྱོར་གཉེར་སྐྱོང་བྱེད་མཁན་བཅས་གོང་ཞུ་འབུལ་བ་ཙམ་ལས་ཐོ་འགོད་བྱེད་མི་དགོས་པས་ཁྲོམ་རར་ཞུགས་པའི་ཚད་གཞི་དམའ་རུ་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོའི་ལོ་མཇུག་བར་བོད་ཀྱི་རིགས་ཁག་གི་ཁྲོམ་རའི་གཙོ་གཟུགས་ཚོང་དུད་ཁྲི་13.45ཟིན་པ་དང་ཐོ་འགོད་བྱས་པའི་མ་རྩ་དེ་2003ལོའི་སྒོར་དུང་ཕྱུར་230.98ནས་2013ལོའི་སྒོར་དུང་ཕྱུར་1295.9བར་འཕར་སྣོན་བྱུང་ཡོད་པས་འཕར་སྣོན་ལྡབ་5ལ་ཉེ་བ་བྱུང་ཡོད།

    གཞན་ཡང་བོད་ཀྱིས་ད་དུང་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་དང་རིག་གནས་ཐོན་ལས། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཤིང་། 2013ལོའི་ལོ་མཇུག་ཏུ་བོད་ཀྱི་ཡུལ་སྐོར་ལས་རིགས་དང་།བོད་ལུགས་གསོ་རིག་དང་བོད་སྨན།མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་ཀྱི་ཁེ་ལས་2514ཟིན་པ་དང་ཐོ་འགོད་བྱས་པའི་མ་རྩ་སྒོར་དུང་ཕྱུར་245.51ཟིན་གྱི་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332322451