གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ རང་ སྐྱོང་ ལྗོངས་ སྲིད་ གྲོས་ ཏང་ ཙུའི་ རིགས་ པའི་ གཞུང་ ལུགས་ ལྟེ་ བའི་ ཚོགས་ ཆུང་ གིས་ སློབ་ སྦྱོང་ ཚོགས་ འདུ་ འཚོགས་ པ།
2014-04-03       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེས་1ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་ལས་རིགས་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་བློ་བཟང་རྡོ་རྗེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་རྣམ་རྒྱལ་དང་།  བློ་བཟང་འགྱུར་མེད།  བསོད་ནམས་རིག་འཛིན།  ང་ཕོད་འཇིགས་ཡོན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱིས་སྤྱོད་ཚུལ་ཡག་པོ་དར་སྤེལ་ཧུར་ཐག་བཏང་ནས་མི་རིགས་ལས་དོན་ལ་བསྟུན་པ་དང་ཞབས་འདེགས་ཞུ་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་།  མི་རིགས་སྲིད་ཇུས་དང་ཁྲིམས་སྲོལ་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་ཧུར་ཐག་བྱས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ།  “ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”ཡོང་བ་བྱ་རྒྱུ་ནི་སྲིད་གྲོས་ཀྱིས་མི་རིགས་ལས་དོན་ལ་བསྟུན་པ་དང་ཞབས་འདེགས་ཞུ་བའི་བརྗོད་བྱ་གཙོ་བོར་བརྩིས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རོགས་སྐུལ་བྱེད་དགོས་པ།  མི་རིགས་ལས་དོན་ལ་བསྟུན་པ་དང་ཞབས་འདེགས་ཞུ་བའི་སྲིད་གྲོས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱས་ནས་རང་ལྗོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332350141