གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། འདི་ ལོའི་ ཟླ་ 1པོ་ དང་ 2པར་ བོད་ ཀྱི་ ནང་ འདྲེན་ བྱེད་ ཚད་ རིན་ ཐང་ བསྡོམས་ འབོར་ ན་ ནིང་ གི་ དུས་ མཚུངས་ ལས་ ཆེས་ ཆེར་ འཕར་ བ།
2014-04-03       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལྷ་ས་འགག་སྒོའི་བསྡོམས་རྩིས་ལ་གཞིགས་ན།  འདི་ལོའི་ཟླ་1པོ་དང་2པར་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱི་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2.38ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་78.97%ཆག་པ་དང་།  དེའི་ནང་ཕྱིར་གཏོང་བྱེད་ཚད་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2.29ཟིན་ནས་79.68%ཆག་པ་དང་ནང་འདྲེན་བྱེད་ཚད་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་0.09ཟིན་ནས་248.29%འཕར་ཡོད་པ་རེད།  གྲངས་གཞི་ལས་མངོན་པར།2013ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་སྤྱིར་བཏང་ཉོ་ཚོང་ཕྱིར་གཏོང་གི་རྒྱུན་གཏན་མིན་པའི་འཕར་མགྱོགས་དྲགས་པའི་སྣང་ཚུལ་ལ་དམིགས་ནས་སྤྱི་ཁོག་སྙོམས་སྒྲིག་བྱ་ཐབས་ལག་ལེན་བསྟར་བར་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན།   ཟླ་1པོ་དང་2པར་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིར་བཏང་ཉོ་ཚོང་ཕྱིར་གཏོང་ཐད་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།དེའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་2013ལོའི་ཟླ་1པོ་དང་2པའི་ཨ་སྒོར་དུང་ཕྱུར་9.9ནས་2014ལོའི་དུས་མཚུངས་ཀྱི་ཨ་སྒོར་དུང་ཕྱུར་0.33བར(དུས་མཚུངས་ལས་96.7%ཆག་པ)ཆག་ནས་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་ཆེས་ཆེར་ཆག་ཡོད།  དེ་དང་བལྟོས་བཅས་སུ་གྱུར་པ་ནི་དུས་མཚུངས་སུ་བོད་ཀྱི་མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2ཟིན་ནས་46.14%འཕར་བའི་ནང་ཕྱིར་གཏོང་དང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1.96དང་ཨ་སྒོར་དུང་ཕྱུར་0.04སོ་སོར་ཟིན་ནས་45%དང་371.73%འཕར་ཡོད་པ་རེད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001332350751