གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ཀྱི་ རྩིས་ བཤེར་ ལས་ དོན་ ཚོགས་ འདུ་ ལྷ་ སར་ འཚོགས་ པ།
2014-04-04       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཟླ་4ཚེས་2ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་ཚོགས་འདུའི་ཐོག་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་ཞིབ་རྩིས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་འབྲེལ་2013ལོའི་ལྗོངས་ཡོངས་ཀྱི་ཞིབ་རྩིས་ལས་དོན་ལ་ཕྱོགས་སྡོམ་བྱས་པ་མ་ཟད།  འདི་ལོའི་རྩིས་བཤེར་ལས་དོན་ཞིབ་འཇུག་བྱས་ནས་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རྩིས་བཤེར་སྡེ་ཚན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་བསམ་གཞིགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ་ཞིབ་རྩིས་བྱེད་སྟངས་གསར་གཏོད་དང་།   རྩིས་བཤེར་ཁྱབ་ཁོངས་ཆེ་རུ་གཏོང་བ།   རྩིས་བཤེར་བྱ་ཤུགས་ཆེ་རུ་གཏོང་བའི་སྒོ་ནས་ནོར་སྲིད་དང་སྔོན་རྩིས་ལག་བསྟར་སྡེ་ཚན་དང་དམངས་འཚོའི་མ་དངུལ་དང་།  དམངས་འཚོའི་རྣམ་གྲངས།  མ་འཇོག་གཙོ་བོ་དང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་།  འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲི།ཁེ་ལས་ཀྱི་རྒྱུ་ནོར་བུན་ཟུགས་ཕན་གནོད་སོགས་ཀྱི་སྡེ་ཚན་དང་།

    ཁྱབ་ཁོངས།མ་དངུལ་གཙོ་བོ་བཅས་ལ་ཁྲིམས་བཞིན་ཞིབ་རྩིས་བརྟག་དཔྱད་དང་ལྟ་སྐུལ་བྱ་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁས་ལེན་གང་ལེགས་གནང་ཡོད་ཅེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས་དུས་སྐབས་གསར་པའི་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་རྩིས་སྡེ་ཚན་གྱིས་ཀྲུང་དབྱང་གི་སྒྱུར་བཅོས་དགོངས་དོན་དང་བོད་ཀྱི་དོན་དངོས་ལ་གཞིགས་ནས་མ་དངུལ་ལས་ཐོན་པའི་ཕན་ནུས་དང་ཕན་འབྲས་ཐད་ཤུགས་བརྒྱབ་སྟེ་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས“མིག་ཤུགས་རྣོ་པོས”རྩ་ཆེའི་ནོར་སྲིད་མ་དངུལ་དམ་འཛིན་དང་བདག་གཉེར་ཡག་པོ་བྱས་ཏེ་སྐར་ལི་ཙམ་ཡང་གནད་སྨིན་ཡོང་བ་དང་མི་སེམས་འགྲིལ་བ་དང་། དམངས་འཚོ་ལེགས་སུ་གཏོང་བ།རྨང་གཞི་བརྟན་དུ་གཏོང་བའི་ཐད་སྤྱོད་དགོས་པའི་ནན་གསུངས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་རྩིས་སྡེ་ཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པའི《2014ལོའི་ཞིབ་རྩིས་ལས་ཁུངས་ཀྱི་ཞིབ་རྩིས་རྣམ་གྲངས་ཀྱི་འཆར་འགོད》ལ་དམ་པོར་གཞིགས་ནས་ཁྱབ་ཁོངས་གཙོ་བོའི་ཞིབ་རྩིས་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་དགོས་པ་སྟེ།  གཅིག་ནས་དཔལ་འབྱོར་གྱི་བྱེད་སྒོ་གཙོ་བོའི་ཞིབ་རྩིས་བྱ་བར་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་ཀྱི་མ་དངུལ་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་མ་གཏོང་བ་དང་གང་འགབ་ཅི་སྤྱོད་ཀྱི་མ་དངུལ་གསོག་ཚད་མུ་མཐུད་ཆེ་རུ་བཏང་ནས་གྲོན་ཆུང་བསྲི་ཚགས་དང་སྤམ་གནས་སྲིད་གཞུང་འཛུགས་རྒྱུར་སྐུལ་མ་གཏོང་དགོས་པ་དང་།  གཉིས་ནས་དམངས་འཚོར་སྤྱོད་པའི་མ་དངུལ་ལ་ཞིབ་རྩིས་བྱ་ཤུགས་ཆེ་རུ་བཏང་ནས་ཞིང་ཕན་དང་།  ཞིང་ཕྱུགཞིང་དར་བཅས་ཀྱི་སྲིད་ཇུས་གནད་སྨིན་ཡོང་བ་བྱེད་དགོས།གསུམ་ནས་ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་གྲོན་ཆུང་གནས་ཚུལ་ལ་ཞིབ་རྩིས་བྱ་རྒྱུར་མཐོང་ཆེན་གྱིས་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྐུལ་མ་བཏང་ནས་ཕན་འབྲས་དངོས་དངོས་རྗེན་རྗེན་ཐོན་པ་བྱེད་དགོས།  བཞི་ནས་སྲིད་གཞུང་སྡེ་ཚན་གྱི་འགན་ནུས་བསྒྱུར་ཚུལ་ལ་ཞིབ་རྩིས་བྱ་ཤུགས་ཆེ་རུ་བཏང་སྟེ་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་སྔར་བས་ཁ་གསལ་ཡོང་བའི་སྒོ་ནས་ཞབས་ཞུའི་སྲིད་གཞུང་འཛུགས་རྒྱུར་སྐུལ་མ་གཏོང་དགོས།  ལྔ་ནས་དཔལ་འབྱོར་གྱི་འགན་འཁྲིའི་ཞིབ་རྩིས་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་སྟེ་མི་དང་དོན་ལ་དབྱེ་བ་མེད་པར་ཞིབ་རྩིས་ཐུབ་པ་བྱས་ནས་སྲིད་འཛིན་གྱི་དབང་ཆ་ཁྲིམས་བཞིན་དྲང་གཞག་དང་ཡོངས་བསྒྲགས་ཡོང་བར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332380571