གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ རང་ སྐྱོང་ ལྗོངས་ ཏང་ ཨུད་ ཀྱི་ སྒྱུར་ བཅོས་ ཁྱོན་ ཡོངས་ ནས་ ཟབ་ གཏོང་ གི་ འགོ་ ཁྲིད་ ཚོགས་ ཆུང་ གཞུང་ དོན་ ཁང་ གི་ ཚོགས་ འདུ་ ཐེངས་ གཉིས་ པ་ འཚོགས་ པ།
2014-04-04       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཟླ་4ཚེས་1ཉིན་གྱི་ཕྱི་དྲོ་ལྷ་སར་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཏེ་རང་ལྗོངས་ཀྱི་2014ལོའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་དོན་གལ་ཆེན་ལ་ཞིབ་འཇུག་གནང་བ་རེད།ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་སྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་གཏོང་གི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་དོན་ཁང་གི་

    ཀྲུའུ་རེན་གཅིག་ལྕོགས་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཝུའུ་དབྱིང་ཅེས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཀྲུང་དབྱང་གིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་དོན་ཁག་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་འཐབ་ཇུས་ནས་བྱ་ཐབས་བར་དང་སྤྱི་ཁོག་ནས་ཕྲ་མཐོང་བར་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་ལས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི“མཐོ་བས་དམའ་བར་མིག་དཔེ་འདོན་པ་དང་ཁ་བཤད་ལག་བསྟར་བྱེད་པའི”ལས་ཀའི་སྤྱོད་ཚུལ་དང་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་གྱི་ཡོད།  ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ།ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཐོག་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁོང་དུ་ཡང་དག་ཆུད་པ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་།སྒྱུར་བཅོས་སྲིད་ཇུས་ཀྱི་རྩ་དོན།སྒྱུར་བཅོས་ཀྱི་མཛུབ་སྟོན་མཛད་ཕྱོགས།སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ནས་བྱ་ཐབས་ཁག་འཐུས་ཚང་དུ་བཏང་སྟེ་སྒྱུར་བཅོས་དེ་ཇི་མ་ཇི་བཞིན་ཡོང་བ་དང་གནད་ལ་འཁེལ་བ་བྱེད་དགོས་ཤིང་།གཅིག་ནས་སྒྱུར་བཅོས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་སྒྱུར་བཅོས་ཀྱི་ཇུས་གཞི་ཡག་པོ་བཟོ་བ་དང་སྒྱུར་བཅོས་ཀྱི་ཇུས་གཞི་དེ་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་མང་ཚོགས་དང་འབྲེལ་འདྲིས་དང་། དམངས་འདོད་དང་མཐུན་པ།དམངས་ཀྱི་གནས་ཚུལ་དང་འཚམས་པ་བཅས་དགོས་པ་དང་། གཉིས་ནས་སྒྱུར་བཅོས་དང་། འཕེལ་རྒྱས།  བརྟན་ལྷིང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་ལག་ལེན་གཉིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  དམངས་འཚོའི་དོན་དངོས་བཅུ་གཅིག་སྡུད་ཐོག་ཐག་གཅོད་ཡག་པོ་བྱེད་པ།གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་དང་།གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ།  “སྔོན་ཐོན་གྱི་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་སོགས་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་དགོས་པ།གསུམ་ནས་སྒྱུར་བཅོས་ཀྱི་གོམ་སྟབས་སྟངས་འཛིན་ཡག་པོ་བྱས་ཏེ་ལྕི་ཡང་དང་མགྱོགས་དལ་དབྱེ་བ་ཕྱེ་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་དང་དུས་ཐོག་ཏུ་སྐྱོན་སྤོང་དགེ་སྒྲུབ་བྱས་ཏེ་འབྲེལ་ཡོད་ལས་ཀར་བརྟག་ཞིབ་དང་རིམ་མཐོའི་ཇུས་འགོད་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་ངང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་ཁག་བཟོས་ཏེ་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་ཆེད་དོན་ཚོགས་ཆུང་ཁག་གིས་རང་ལྗོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཁག་གི་འགན་འཁྲི་ལྕི་པོ་རང་རྟོགས་ངང་འཁུར་བ་དང་མཐུན་སྦྱོར་བྱས་ཏེ་འགན་འཁྲི་ཕྲག་ཏུ་ཁུར་ཕོད་པ་བྱས་ནས་མཐུན་སྦྱོར་མཛུབ་ཁྲིད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མཐུན་སྦྱོར་ལ་ཤུགས་སྣོན་དང་གོང་འོག་མཉམ་འགུལ་བྱས་ཏེ་མཉམ་ཤུགས་ཤིག་ཆགས་པ་བྱེད་པ་དང་།སྒྲིག་གཞིའི་མི་སྣ་མང་དུ་གཏོང་བ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཕན་ཆེའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ།ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་དང་སྡེ་ཚན་ཁག་གིས་ལས་འགན་ཁག་བགོས་དང་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་མཛུབ་ཁྲིད་ནུས་ལྡན་བྱས་ཏེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཁག་ཡག་པོ་སྒྲུབ་ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332381191