གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཤིང་ འབྲས་ ལེན་ མེའེ་ ལྷ་ སར་ ཚོད་ ལྟའི་ འདེབས་ འཛུགས་ ཐོག་ མར་ ལེགས་ གྲུབ་ བྱུང་ བ།
2014-04-04       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། “ཁུ་ལྡན་ཤིང་འབྲས་ཀྱི་རྒྱལ་པོར”གྲགས་པའི་ཤིང་འབྲས་ལེན་མེའེ་བོད་ཀྱི་ལྷ་སའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་སྤྱི་གླིང་ཁུལ་དུ་ཚོད་ལྟའི་འདེབས་འཛུགས་ཐོག་མར་ལེགས་གྲུབ་བྱུང་ཡོད།

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་སྔོ་ཚལ་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ཏེའེ་ཨན་གོ་ཡིས། 2011ལོར་ལེའོ་ཉིང་ཞིང་ཆེན་ཞིང་འབྲོག་ཚན་རིག་ཁང་གིས་ས་ཆ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད་ལྷ་སའི་ཁོར་ཡུག་གི་གནས་ཚུལ་ལ་གཞིགས་ནས་ལོ་3ནང་སྐྱེ་འཚར་ཡོང་བ་དང་གྲང་འགོག་རང་བཞིན་ཆེ་བ། ཐོན་འབབ་ཆེ་བ་བཅས་ཀྱི་པེ་ཀའོ་ཚང་ཚིང་གི་ཤིང་འབྲས་ལེན་མེའེ་རིགས་འདེབས་གསོ་བྱས་ནས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ལ་རིན་མེད་ཐོག་མཁོ་འདོན་བྱས་ཡོད། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་དུས་ཡུན་ལོ་3ཙམ་གསོ་སྐྱོང་བྱས་པ་བརྒྱུད་མིག་སྔར་ཤིང་འབྲས་ལེན་མེའེ་ལྷ་སར་ཚོད་འདེབས་ལེགས་གྲུབ་བྱུང་བ་ར་སྤྲོད་བྱས་ཡོད་ཅེས་ངོ་སྤྲོད་གནང་།

    མིག་སྔར། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་མཐོང་ཡངས་སུ་ཤིང་འབྲས་ལེན་མེའེ་འདེབས་འཛུགས་བྱེད་པའི་ལག་རྩལ་ཁྱབ་གདལ་གཏོང་བཞིན་པའི་སྒང་ཡིན་པ་དང་། ཁག་དང་པོའི་མཐོང་ཡངས་ཚོད་ལྟའི་ཤིང་འབྲས་ལེན་མེའེ་འདེབས་འཛུགས་བྱས་པའི་གཞི་ཁྱོན་མུའུ་2གཡས་གཡོན་ཟིན་ཡོད། གལ་ཏེ་གཞི་ཁྱོན་ཆེན་པོའི་སྒོ་ནས་འདེབས་འཛུགས་བྱ་རྒྱུ་ལེགས་གྲུབ་བྱུང་ཚེ་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ཕན་ནུས་ཐོན་ངེས་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332382721