གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ དགེ་ འདུན་ པ་ 10ལ་ བོད་ བརྒྱུད་ ནང་ བསྟན་ གྱི་ དགེ་ ལུགས་ པའི་ དགེ་ བཤེས་ ལྷ་ རམས་ པའི་ མཚན་ གནས་ ཐོབ་ པ།
2014-04-05        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།  2014ལོའི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་མཛད་སྒོ་ཚེས་3ཉིན་ལྷ་ལྡན་གཙུག་ལག་ཁང་གི་དཀྱིལ་འཁོར་མཐིལ་དུ་སྤེལ་བ་དང་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་པ་གཙོ་བོ་ཁག་ནས་ཕེབས་པའི་དགེ་འདུན་པ་10ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ་རེད།   

    ཚེས་3ཉིན།  བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་བརྒྱ་ཕྲག་མང་པོས་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་གནང་བ་དང་དམ་བཅའི་ནང་ཞུགས་པའི་དགེ་འདུན་པ་བཅུས་མི་གཉིས་ཀྱིས་ཚོགས་ཆུང་གཅིག་བྱས་ནས་ཁག་སོ་སོར་དམ་བཅའི་ནང་ཞུགས་པའི་ལོ་ན་ཆུང་བའི་དགེ་འདུན་པ་ཚོའི་དབར་གཞུང་ཆེན་བཀའ་པོད་ལྔའི་འབྲེལ་ཡོད་ནང་དོན་ཐད་རྟགས་གསལ་གཏོང་རེས་གནང་བ་རེད།

     ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་དམ་བཅའི་ནང་ཞུགས་པའི་དགེ་འདུན་པ་10ལ་མཚན་གནས་ལག་ཁྱེར་སྤྲད་གནང་བ་དང་། ཁོང་གིས། འདི་ལོའི་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་དགེ་འདུན་པ་རྣམས་ནི་དགོན་པ་ཆེ་ཁག་གི་དཔེ་ཆའི་དགེ་རྒན་གཙོ་བོ་རྣམས་ཡིན་པས་གཞུང་ལུགས་ཀྱི་ཐོས་རྒྱ་ཆེ་བ་དང་ཆོས་ལུགས་ཀྱི་མཁྱེན་རྒྱ་ཡངས་པ་མ་ཟད་ནང་བསྟན་ཆོས་ལུགས་ཀྱི་གཞུང་བཀའ་པོད་ལྔར་སྦྱངས་པ་མཐར་ཕྱིན་པ་ཤ་སྟག་རེད་ཅེས་གསུངས།

     ཤེས་རྟོགས་བྱུང་བར་གཞིགས་ན།བོད་རང་སྐྱོང་ལྗོངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་མཛད་སྒོ་སླར་གསོ་བྱས་ཚུན་དགེ་འདུན་པ་74ལ་མཚན་གནས་དེ་ཐོབ་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332403431