གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ལྷ་ ས་ གྲོང་ ཁྱེར་ གྱི་ གོང་ ཁེ་ བའི་ སྔོ་ ཚལ་ ཐད་ ཚོང་ རླངས་ འཁོར་ གྱིས་ མང་ ཚིགས་ ཆིག་ འབུམ་ ལ་ ཕན་ པ་ བསྐྲུན་ པ།
2014-04-08       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་ད་ལྟ་གོང་ཁེ་བའི་སྔོ་ཚལ་ཐད་ཚོང་རླངས་འཁོར་32གྲོང་ཁུལ་རྙིང་པ་དང་གོང་ཁེ་བའི་བོགས་གཏོང་གྲོང་ཁུལ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་གཅིག་བསྡུས་བྱེད་སའི་ཁུལ་དུ་བསྐྱོད་ནས་སྔོ་ཚལ་སོས་པ་ཁྲོམ་རའི་རིན་གོང་ལས་བརྒྱ་ཆ་བཅུ་ནས་སུམ་ཅུའི་བར་ཁེ་བའི་ཐོག་ནས་མང་ཚོགས་ལ་འཚོང་གི་ཡོད་པས། ཁྱོན་མང་ཚོགས་ཆིག་འབུམ་ལྷག་ལ་ཕན་པ་ཐོབ་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འགོ་འཛིན་གཞོན་པ་ཀྲང་ཅིན་ཚའེ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། གོང་ཁེ་བའི་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་རྣམ་གྲངས་ནི་ཐོན་ཁུལ་ནས་གྲོང་ཁུལ་ལ་ཐད་ཚོང་བྱས་ནས་བར་འཚོང་དང་པོ་དང་གཉིས་པ་ཉུང་དུ་བཏང་བས། མ་གནས་ཉུང་དུ་ཤུགས་ཆེན་ཕྱིན་ནས་ཁེ་བཟང་མང་ཆེ་བ་མང་ཚོགས་ལ་རག་པ་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གོང་ཁེ་བའི་སྔོ་ཚལ་ཐད་འཚོང་རླངས་འཁོར་གྱིས་གཅིག་གྱུར་སྐྱེལ་བ་དང་། རིན་གོང་གཅིག་གྱུར། ཚད་གཞི་གཅིག་གྱུར། དོ་དམ་གཅིག་གྱུར། དུས་མཚམས་གཅིག་གྱུར་བཅས་ཀྱི་བྲིན་ཚོང་བྱ་ཐབས་ལག་བསྟར་བྱས་ཡོད་ཅིང་། གཟའ་འཁོར་རེར་སྤྱིའི་བྲིན་ཚོང་བྱེད་ཚད་སྤྱི་རྒྱ་ཆིག་འབུམ་ལྔ་སྟོང་ཟིན་གྱི་ཡོད་པ་དང་། དུད་ཁྱིམ་ཉིས་ཁྲི་དང་མི་ཆིག་འབུམ་ལྷག་ལག་ཕན་པ་ཐོབ་ཡོད་ལ། སྔོ་ཚལ་ཁྲོམ་རའི་རིན་གོང་ཆག་རྒྱུར་ཕན་ཐོགས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332451251