གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ སྦྲུམ་ མ་ འཆི་ ཚད་ ལོ་ རྒྱུས་ ཀྱི་ ཟིན་ ཐོ་ དམའ་ ཤོས་ བཏོད་ པ།
2014-04-08       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་ཚེས་6ཉིན་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ནས་ཤེས་རྟོགས་བྱས་པར། བོད་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པ་དང་ཆབས་ཅིག སྦྲུམ་མ་དང་དམར་འབྱར་འཆི་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་དམའ་ཤོས་བཏོད་པ་རེད།

    བསྡོམས་རྩིས་ལས་མངོན་པར་གཞིགས་ན། 2013ལོའི་ལོ་མཇུག་བར་བོད་ཀྱི་སྦྲུམ་མ་དང་དམར་འབྱར་འཆི་ཚད་2012ལོའི་176.12/ཁྲི་10དང་24.84‰ནས་154.51/ཁྲི་10དང་19.97‰བར་ཆག་ཡོད། 1959ལོའི་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་དུ་བོད་ཀྱི་སྦྲུམ་མ་འཆི་ཚད་5000/ཁྲི་10དང་དམར་འབྱར་འཆི་ཚད་430‰ཟིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་བོད་ལ་བོད་ལུགས་གསོ་རིག་སྒྲིག་གཞི་3ལས་མེད་ཅིང་། ནད་ཁྲི་གཅིག་ཀྱང་མེད་པ། ཕྱི་ལུགས་ཀྱི་སྨན་དང་སྨན་རྫས་ཧ་ལམ་མེད། མིག་སྔར་བོད་དུ་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སས་ལྟེ་བར་བྱས་པའི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་དྲ་བ་སྤྱིའི་ཆ་ནས་བཙུགས་ཡོད།

    2013ལོའི་ལོ་མཇུག་བར་བོད་དུ་ཁྱོན་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1412ཡོད་ཅིང་། ལྗོངས་ཡོངས་སུ་རྫོང་རིམ་པའི་འཕྲོད་བསྟེན་མི་སྣ་3700བརྒལ་ནས་ཆ་སྙོམས་རྫོང་རེར་འཕྲོད་བསྟེན་མི་སྣ་40དང་། ལྗོངས་ཡོངས་སུ་ཤང་གྲོང་འཕྲོད་བསྟེན་མི་སྣ་3049ཡོད་པ་ཆ་སྙོམས་ཤང་གྲོང་རེར་འཕྲོད་བསྟེན་མི་སྣ་4ཡན། གྲོང་ཚོ་རིམ་པའི་འཕྲོད་བསྟེན་མི་སྣ11099ཡོད་པ་ཆ་སྙོམས་གྲོང་ཚོ་རེར་འཕྲོད་བསྟེན་མི་སྣ་2ཡན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་ད་དུང་སྨན་ཁང་དུ་ཕྲུ་གུ་སྐྱེ་མཁན་ཞིང་འབྲོག་མང་ཚོགས་ལ་འགྲོ་སོང་གུན་གསབ་རྩིས་ཞུ་100%བྱེད་པ་དང་འབྲེལ།སྨན་ཁང་དུ་ཕྲུ་གུ་སྐྱེ་མཁན་སྦྲུམ་མར་ཉིན་མཁོའི་འཚོ་བའི་མཁོ་ཆས་དང་དམར་འབྱར་གྱི་གྱོན་ཆས་སོགས་སྤྲོད་ཀྱི་ཡོད་པ་རེད། འདི་ལོ་བོད་དུ་རིན་མི་དགོས་པར་ཕྲུ་གུ་མ་སྐྱེས་གོང་གི་ལེགས་བཙའ་བདེ་ཐང་བརྟག་དཔྱད་བྱེད་ཚད་ལྗོངས་ཡོངས་ཀྱི་རྫོང་ཚང་མར་ཁྱབ་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332451781