གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། འདི་ ལོ་ བོད་ ལྗོངས་ ཞིང་ ལས་ དངུལ་ ཁང་ གིས་ རིམ་ རྩིས་ བྱས་ ན་ ཞིང་ འབྲེལ་ དངུལ་ བུན་ སྒོར་ དུང་ ཕྱུར་ 130གཏོང་ རྒྱུའི་ འཆར་ གཞི་ ཡོད་ པ།
2014-04-08        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་ཀྲུང་གོའི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད་མིག་སྔའི་བར་ལྗོངས་ཡོངས་ཀྱི་བརྒྱ་ཆ་95ཡན་གྱི་ཞིང་འབྲོག་པའི་ཁྱིམ་ཚང་དུ་འབོར་ཆུང་ཡིད་རྟོན་དངུལ་བུན་ཁྱབ་ཡོད་པ་དང་རྒྱལ་ཡོངས་ཀྱི་བརྒྱ་ཆ་36ཡི་ཆ་སྙོམས་ཆུ་ཚད་ལས་ཆེན་པོ་བརྒལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་འདི་ལོ་རིམ་རྩིས་བྱས་ན་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་130ཡན་བཏང་ནས་ཡིད་རྟོན་ཆ་འཇོག་བྱེད་ཚད་ཅུང་ལེགས་པའི་རྫོང་དང་ཤངགྲོང་རྡལགྲོང་ཚོ་བཅས་ཀྱི་ཞིང་འབྲོག་པའི་ཁྱིམ་ཚང་ལ་ཚད་རན་པའི་སྒོ་ནས་དངུལ་བུན་གྱི་ཡིད་རྟོན་ཆ་འཇོག་ཚད་གཞི་རྒྱ་ཆེར་བཏང་སྟེ་དེ་བས་མང་བའི་ཞིང་འབྲོག་པ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་རོགས་རམ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332454351