གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། སྒོར་ དུང་ ཕྱུར་ 1.3བཏང་ སྟེ་ ཞིང་ འབྲོག་ ཁུལ་ གྱི་ སློབ་ མའི་ འཁྲུད་ ཁང་ གི་ དྲོད་ སྲུང་ འགན་ ལེན་ བྱས་ པ།
2014-04-11        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ། 2012ལོ་ནས་བཟུང་བོད་ལྗོངས་ཀྱིས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1.3ལྷག་ཙམ་བཀོད་སྒྲིག་བྱས་ཏེ་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ཉི་ནུས་ཀྱི་འཁྲུད་ཁང་སྐྲུན་རྒྱུའི་ཚོད་ལྟའི་འདུ་འགོད་ལག་བསྟར་བྱས་པ་དང་མཐོ་གྲང་དང་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་གྱི་སློབ་གྲྭར་དྲོད་སྲུང་གི་འདུ་འགོད་ལག་བསྟར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོ་ནས་2013ལོ་བར་རིམ་རྩིས་བྱས་ན་ཉི་ནུས་འཁྲུད་ཁང་གི་ཆེད་དོན་མ་དངུལ་སྒོར་ཁྲི་9201གཤམ་སྤྲོད་བྱས་པ་དང་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་109རུ་ཉི་ནུས་འཁྲུད་ཁང་གི་འདུ་འགོད་ལག་བསྟར་བྱས་ཡོད། མིག་སྔའི་བར་2012ལོར་ལག་བསྟར་བྱས་པའི་སློབ་གྲྭ་45ཡི་འཁྲུད་ཁང་སྐྲུན་རྒྱུ་དེ་ཚང་མ་ལས་མཇུག་འགྲིལ་བ་དང་འབྲེལ་བེད་སྤྱོད་གཏོང་བཞིན་ཡོད་པས་ཞིང་འབྲོག་ཁུལ་གྱི་སློབ་མ་59470ཡི་གཟུགས་པོ་འཁྲུ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་དང་། ཆེད་དོན་མ་དངུལ་སྒོར་ཁྲི་4159གཤམ་སྤྲོད་བྱས་ཏེ་མཐོ་གྲང་དང་ས་བབ་མཐོ་བའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་151གི་སློབ་ཁྲིད་དང་དེ་བཞིན་འཚོ་བ་སྐྱེལ་སའི་དྲོད་སྲུང་འདུ་འགོད་ལག་བསྟར་བྱས་པས་དགེ་སློབ་ཁྲི་1ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ནང་ཁུལ་གྱི་གཙང་སྦྲ་དོད་པའི་སློབ་ཁུལ་གསར་པ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བོད་ལྗོངས་ཀྱིས་མ་དངུལ་བརྩོན་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭ་འབྲིང་ཆུང་གི་འཁྲུད་ཁང་དང་དྲོད་སྲུང་འདུ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། སློབ་གྲྭའི་འཁྲུད་ཁང་དང་དྲོད་སྲུང་འདུ་འགོད་ཀྱི་འཆར་འགོད་དང་གྲབས་གསོག་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332542411