གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ སྐྱིད་ གྲོང་ འགག་ སྒོ་ སྔོན་ དཔག་ བྱས་ ན་ སྤྱི་ ཟླ་ 10པར་ དངོས་ སུ་ སྒོ་ འབྱེད་ བྱེད་ རྒྱུ་ ཡིན་ པ།
2014-04-11       གསར་འགྱུར་འབྱུང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    གསར་འགོད་པས་སྤྱི་ལོ་2014ལོའི་ལྷ་སའི་འགག་སྒོའི་ལས་དོན་གྲོས་ཚོགས་ཐོག་ནས་ཤེས་རྟོགས་བྱས་པར། སྔོན་དཔག་བྱས་ན་བོད་ལྗོངས་གཞིས་རྩེ་ས་ཁུལ་སྐྱིད་གྲོང་འགག་སྒོ་ད་ལོའི་སྤྱི་ཟླ་10པར་དངོས་སུ་སྒོ་འབྱེད་བྱེད་རྒྱུ་ཡིན་པ་དང་། སྐྱིད་གྲོང་རྫོང་དེ་ཉིད་འགྲམ་འགག་སྒོའི་རྗེས་ཀྱི་ཉོ་ཚོང་འགག་སྒོ་གལ་ཆེན་ཞིག་དང་རྒྱལ་སྤྱིའི་གོམ་བགྲོད་ཡུལ་སྐོར་དང་བོད་ལྗོངས་ཀྱི་དམངས་སྲོལ་བྱེད་སྒོ། སྒེར་གྱི་རླངས་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་ཡུལ་བཅས་ཀྱི་དམིགས་ས་གལ་ཆེན་ཞིག་ལ་འགྱུར་རྒྱུ་ཡིན་པ་རེད།

    སྐྱིད་གྲོང་འགག་སྒོ་ནི་ལོ་རྒྱུས་ཐོག་བོད་ལྗོངས་དང་ནེ་པ་ལའི་སྐམ་སའི་ཚོང་འགྲུལ་འགག་སྒོ་ཆེ་ཤོས་ཡིན་པ་དང་། ཚོང་ལམ་དང་གཞུང་ཕྱོགས་ལམ། དམག་འཁྲུག་ལམ་བཅས་འབོད་སྲོལ་ཡོད་ཅིང་། མཐའ་མཚམས་ཉོ་ཚོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332542661