གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ལྷ་ སའི་ སྡོད་ ཁང་ ཁྲོམ་ ར་ ལོ་ རེ་ བཞིན་ ལེགས་ སུ་ འགྲོ་ བ་ དང་ ཚོང་ ཟོག་ ཁང་ པའི་ ཆ་ སྙོམས་ རིན་ གོང་ ལོ་ ཤས་ བསྟུད་ མར་ མཐོ་ རུ་ ཕྱིན་ པ།
2014-04-11       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་སོགས་ཚན་པའི་གྲངས་གཞི་ལས་གསལ་བར། ཉེ་བའི་ལོ་4ཡི་ནང་ཚུན་དུ་ལྷ་ས་གྲོང་ཁྱེར་གྱི་ཚོང་ཟོག་ཁང་པའི་བྲིན་ཚོང་རྒྱ་ཁྱོན་ཁག་སོ་སོར་སྨི་གྲུ་བཞི་མ་ཁྲི་20དང་སྨི་གྲུ་བཞི་མ་ཁྲི་22  སྨི་གྲུ་བཞི་མ་ཁྲི་29  སྨི་གྲུ་བཞི་མ་ཁྲི་35བཅས་ཡིན་ཞིང་ལོ་རེ་བཞིན་འཕར་སྣོན་འགྲོ་བའི་རྣམ་པ་ཐོན་ཡོད།

    དེའི་ཁྲོད་ལྷ་ས་གྲོང་ཁྱེར་གྱིས་ན་ནིང་ཁྱོན་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་འཇོག་སྒོར་དུང་ཕྱུར་8.3ལེགས་སྒྲུབ་བྱས་པ་དང་གསར་དུ་ལས་འགོ་ཚུགས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་43.23ཟིན་པ་དེ་2009ལོ་དང་བསྡུར་ན་ལྡབ་6ལས་མང་ཙམ་ཡོད། ན་ནིང་ལྷ་ས་གྲོང་ཁྱེར་གྱི་ཚོང་ཟོག་ཁང་པའི་ཆ་སྙོམས་རིན་གོང་སྨི་གྲུ་བཞི་མ་རེར་སྒོར་4600བར་འཕར་ཡོད།

    ལྷ་ས་གྲོང་ཁྱེར་ས་ཁང་བདག་ཁོངས་ཁྲོམ་རའི་ལས་རིགས་ནང་ཁོངས་མི་སྣ་ཏེང་ཀའོ་ཏིས། ལྷ་ས་གྲོང་ཁྱེར་གྱི་གཞི་ཁྱོན་ཅུང་ཆུང་བ་དང་རྒྱུན་སྡོད་མི་འབོར་ནི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་གཞན་དང་བསྡུར་ཐབས་མེད་པས་ས་ཁང་བདག་ཁོངས་ཀྱི་ཁྲོམ་རའི་བར་སྟོང་ཚད་ཡོད་པ་དང་། དེའི་ཐོག་ཁྲོམ་རའི་མཁོ་འདོན་བྱེད་ཚད་ཅུང་འདང་ངེས་ཡོད་པས་ཕྱིས་འབྱུང་སྤྱིར་བཏང་གི་ཚོང་ཟོག་ཁང་པའི་རིན་གོང་འཕར་བའི་བར་སྟོང་ཆེན་པོ་མེད་ཅེས་གསལ་སྟོན་བྱས།

མཛའ་འབྲེལ་དྲ་བ།
010020070840000000000000011100001332543381