གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱིས་ ལོ་ བརྒྱད་ རིང་ བདག་ ཏུ་ མ་ བཟུང་ སྲོག་ ཆགས་ ཀྱིས་ ཆག་ སྒོ་ བསླངས་ པར་ གྱོ ང་ གསབ་ དངུལ་ སྒོར་ དུང་ ཕྱུར་ 3.4དོན་ འཁྱོལ་ བྱས་ པ།
2014-04-11        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། སྤྱི་ཚེས་10ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་བར། 2006ལོ་ནས་2013ལོའི་ལོ་མཇུག་བར་བོད་ཀྱིས་རིམ་རྩིས་བྱས་ན་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་ཆག་སྒོ་བསླངས་པར་གྱོང་གསབ་དངུལ་སྒོར་དུང་ཕྱུར་3.4དོན་འཁྱོལ་བྱས་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་གྱོ ང་གུན་ཕོག་པའི་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ཡོད།

    བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་འཛོམས་དགས། ཉེ་བའི་ལོ་ཤས་རིང་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་དེ་ལོ་ངོ་20ཡི་གོང་ལས་བརྒྱ་ཆ་30འཕར་ཡོད། ཁྱུ་ཚོགས་མང་དུ་འགྲོ་བ་དང་ཕར་འགྲོ་ཚུར་འོང་བྱེད་ཚད་མང་དུ་ཕྱིན་པ་དང་བསྟུན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་བཟོས་པའི་ཆག་སྒོ་ཡང་ཡང་ཐོན་གྱི་ཡོད། དོན་རྐྱེན་བཟོ་མཁན་གཙོ་བོ་དྲེད་མོང་དང་དོམ་ནག འབྲོང་། གསའ། གནའ་བ་སོགས་ཡིན་ཞེས་གསུངས།

    དེར་བརྟེན་2006ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་《བོད་རང་སྐྱོང་ལྗོངས་ཀྱི་སྐམ་སའི་བདག་ཏུ་མ་བཟུང་བའི་གཙོ་གནད་སྲོག་ཆགས་ཀྱིས་སྤྱི་འབངས་ཀྱི་མི་ལུས་ལ་གནོད་འཚེ་དང་རྒྱུ་ནོར་གྱོ ང་གུན་བཟོས་པར་ཁ་གསབ་བྱེད་པའི་གནས་སྐབས་ལག་བསྟར་ཐབས་ཤེས་》ཞེས་པ་ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་སྲིད་གཞུང་གིས་འབྲོང་དང་དྲེད་མོང་སོགས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་བཟོས་པའི་མི་ལུས་གནོད་འཚེ་དང་རྒྱུ་ནོར་གྱོ ང་གུན་ལ་ཚད་གཞི་མི་འདྲ་བའི་དཔལ་འབྱོར་ཁ་གསབ་སྤྲད་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332543591