གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བློ་ བཟང་ རྒྱལ་ མཚན་ གྱིས་ གཞིས་ རྩེར་ ལྟ་ སྐུལ་ མཛུབ་ ཁྲིད་ དང་ བརྟག་ ཞིབ་ གནང་ བ་ དང་ འབྲེལ་ ལམ་ བར་ གྱི་ གཞུང་ ལམ་ རྣམ་ གྲངས་ འཛུགས་ སྐྲུན་ ལ་ གཟིགས་ ཞིབ་ ཀྱང་ གནང་ བ།
2014-04-14       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་དང་འབྲེལ་ལམ་བར་གྱི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ལ་གཟིགས་ཞིབ་ཀྱང་གནང་སྐབས་དུས་ཚིགས་གཉིས་པའི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པར་གལ་འགངས་ཆེན་པོ་ལྡན་ཡོད།  ལོ་འགོའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་དེང་སྐབས་ལ་དམ་འཛིན་བྱས་ནས་ཕུགས་ཀྱི་ཇུས་འགོད་བྱེད་པ་དང་།  ཤུགས་ཁ་གཅིག་ཏུ་བསྒྲིམས་ནས་ནུས་ཤུགས་ཡོད་རྒུ་བཏོན་པ།  ལས་ཀའི་འཕེལ་རིམ་མགྱོགས་སུ་བཏང་ནས་རིམ་པས་དམ་འཛིན་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་དམིགས་ཚད་ལས་འགན་ཁག་དུས་ཐོག་ཏུ་ལེགས་སྒྲུབ་དང་སྤུས་ཚད་ལེགས་པོ་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    དུས་ཚིགས་དང་པོར་གཞིས་རྩེའི་དམངས་འཚོ་ལེགས་གཏོང་དང་།  སྣོད་བཅུད་སྲུང་སྐྱོང་།  རྣམ་གྲངས་འཛུགས་སྐྲུན། དཔྱིད་རྨོད་རྨོད་འདེབས།  ཞི་མཐུན་བརྟན་ལྷིང་སོགས་ཐད་ཀྱི་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་པ་དང་འབྲེལ་དཔལ་འབྱོར་འཁོར་རྒྱུག་བྱེད་ཚུལ་ཡང་ཡག་པོ་ཡོད།བརྟག་ཞིབ་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་འཕེལ་རྒྱས་ནི་བོད་ཀྱི་གནད་དོན་ཡོད་དོ་ཅོག་ཐག་གཅོད་བྱེད་པའི་འགག་རྩ་དང་རྨང་གཞི་ཡིན་པས་ས་ཁུལ་གྱི་གོང་འོག་ཚང་མས་འཕེལ་རྒྱས་དང་བརྟན་ལྷིང་གཉིས་ཀ་དམ་འཛིན་དང་གཉིས་ཀ་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“གཉིས་ཀར་འཐུས་ཤོར་མི་ཡོང་བ་དང་གཉིས་ཀར་སྐུལ་འདེད་གཏོང”དགོས་པ་སྟེ།

    གཅིག་ནས་ས་ཁུལ་ཆེན་པོར་བསམ་ཕྱོགས་ཆེན་པོ་ཡོད་དགོས་ཤིང་།སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་ལས་ལྷག་པ་བྱས་ཏེ་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་གྲབས་ཡོད་པའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་ཐོག་ཁྱད་ལྡན་ལེགས་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་གཞིས་རྩེ་འདི་ཉིད་མི་ཤུགས་ཐོན་ཁུངས་དང་།  དེང་རབས་ཀྱི་ཞིང་འབྲོག་ལས།གཏེར་ཁའི་དཔལ་འབྱོར།རིག་གནས་ཡུལ་སྐོར།མཐའ་མཚམས་ཚོང་དོན་བཅས་ཀྱི་སྟོབས་ཆེའི་ས་ཁུལ་ཞིག་ཏུ་དངོས་སུ་སྐྲུན་དགོས་པ་དང་།གཉིས་ནས་ས་ཁུལ་ཆེན་པོར་བློ་གཤོག་ཆེན་པོ་ཡོད་དགོས་ཤིང་།  ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་རང་སྐྱོང་ལྗོངས་ཀྱི“663”ལས་དོན་གྱི་བསམ་ཕྱོགས་དོན་འཁྱོལ་ཡག་པོ་བྱས་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་བྱས་ཏེ་གཙོ་གནད་དམ་འཛིན་གྱིས་དོན་ཆེན་དོན་གཉེར་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ།གསུམ་ནས་ཞིང་ལས་ས་ཁུལ་ཆེན་པོར་འཕེལ་རྒྱས་ཆེན་པོ་ཡོད་དགོས་ཤིང་།སོན་བཟང་ཁྱབ་གདལ་ལ་དམ་འཛིན་ཡག་པོ་བྱས་ཐོག་ཞིང་ལས་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་ནས་ཁྱད་ལྡན་ཞིང་འབྲོག་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་བཏང་སྟེ་ཞིང་འབྲོག་ལས་ས་ཁུལ་ཆེན་པོར་ལྡན་དགོས་པའི་ནུས་པ་དང་གནས་བབ་དངོས་སུ་མངོན་པ་བྱེད་དགོས་པ།བཞི་ནས་ས་ཁུལ་ཆེན་པོར་རྣམ་གྲངས་ཆེན་པོ་ཡོད་དགོས་ཤིང་།དཔལ་འབྱོར་འཕེལ་རྒྱས་ཐད་རྣམ་གྲངས་ཁྲིད་སྟོན་དང་མ་འཇོག་སྣེ་ཁྲིད་ཀྱིས་ཐོན་པའི་འགག་རྩའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ“ཕན་ཚུན་འཕེལ་རྒྱས”ཀྱི་འདུ་ཤེས་བཙུགས་ནས་དེ་བས་སྒོ་དབྱེའི་སེམས་ཁམས་དང་དེ་བས་ཆེ་བའི་བློ་གཤོག་ཐོག་ནས་མ་རྩ་ཆེན་པོ་འགུགས་པ་དང་།ཁེ་ལས་སྟོབས་ཆེན་འདྲེན་པ།ལེགས་པོ་འདེམས་པ་བཅས་བྱེད་པ་དང་།ཚོང་འགུགས་རྣམ་གྲངས་ཆེན་པོ་ཁག་གཅིག་མུ་མཐུད་གཉེར་བ།སྤྱི་ཚོགས་ཀྱིས་མ་འཇོག་བྱ་རྒྱུའི་ཡིད་དབང་ཧུར་ཐག་འགུགས་པ་བཅས་བྱེད་དགོས་པ།ལྔ་ནས་ས་ཁུལ་ཆེན་པོར་བྱ་སྤྱོད་ཆེན་པོ་ཡོད་དགོས་ཤིང་།ནུས་ཤུགས་ཡོད་རྒུ་བཏོན་ནས་ཆ་རྐྱེན་འཛོམས་པའི་རྣམ་གྲངས་གང་མགྱོགས་ལས་འགོ་འཛུགས་ཐུབ་པ་དང་།གཏན་འཁེལ་བྱུང་བའི་རྣམ་གྲངས་སྔོན་ལ་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱེད་པ།སྐྲུན་བཞིན་པའི་རྣམ་གྲངས་ཀྱི་ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ནས་དུས་ཚིགས་བཟང་པོ་འཐུས་ཤོར་དུ་མི་འགྲོ་བ་བྱེད་དགོས་པ།དྲུག་ནས་ས་ཁུལ་ཆེན་པོར་དོན་འཁྱོལ་ཆེན་པོ་བྱེད་དགོས་ཤིང་།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས“སྐྲག་པ་དང་།འགོར་བ།སྒྱིད་ལུགས།རེངས་པོ”སོགས་ཀྱི་སྤྱོད་ཚུལ་ངན་པ་མེད་པ་བཟོས་ཏེ་དམིགས་ཚད་ལས་འགན་དེ་བསམ་ཕྱོགས་དང་བྱ་ཐབས་སུ་འགྱུར་བ་བྱེད་པ་དང་།དུས་ཚོད་རེའུ་མིག་དང་འགན་ཁུར་མཁན་ཁ་གསལ་བཟོ་བ།མི་རེ་རེ་བཞིན་དོན་འཁྱོལ་དང་རྣམ་གྲངས་རེ་རེ་བཞིན་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམིགས་ཡུལ་མ་སྒྲུབ་བར་བློས་གཏོང་མི་བྱེད་པའི་སེམས་ཤུགས་ཐོག་ནས་དམིགས་ཚད་དེ་མངོན་འགྱུར་ཡག་པོ་ཡོང་བ་བྱེད་དགོས་པ་བཅས་རེད།

    ལམ་བར་དུ་བློ་བཟང་རྒྱལ་མཚན་གྱིས་ད་དུང་རྒྱལ་ལམ་318ཀྱི་སྙེ་མོ་ཟམ་ཆེན་དང་མྱང་ཆུ་གཙང་པོའི་ཟམ་ཆེན་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་ཀྱང་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332600581