གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ གྲོང་ གསེབ་ སྨན་ པ་ 40%ཡིས་ བོད་ ཀྱི་ གསོ་ རིག་ ལ་ བརྟེན་ ནས་ མང་ ཚོགས་ ལ་ ཞབས་ འདེགས་ ཞུ་ ཐུབ་ པ།
2014-04-14        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།  གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  མིག་སྔར་བོད་ཀྱི་གྲོང་གསེབ་སྨན་པ་40%ཡིས་བོད་ཀྱི་གསོ་རིག་སྨན་བཅོས་བརྟེན་ནས་མང་ཚོགས་ལ་ནད་འགོག་སྨན་བཅོས་བྱེད་ཐུབ་པ་དེ་རེད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་ཕུར་བུ་སྒྲོལ་མས་ངོ་སྤྲོད་བྱས་པ་ལྟར་ན།  བོད་དུ་ད་ལྟ་བོད་ལུགས་གསོ་རིག་གི་སྒྲིག་གཞི་33ཡོད་པའི་ཁྲོད་རང་སྐྱོང་ལྗོངས་རིམ་པ་1དང་།  ས་ཁུལ(གྲོང་ཁྱེར)རིམ་པ་6 རྫོང་རིམ་པ་22བཅས་ཀྱི་སྨན་རྩིས་ཁང་སོགས་ཚུད་པ་དང་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་གཞན་དག་ཚང་མར་བོད་ལུགས་གསོ་རིག་ཚན་ཁག་བཙུགས་ཡོད།  ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་སྒྲིག་གཞིའི་ནད་ཁྲི་1364ཟིན་པ་དང་བོད་ལུགས་གསོ་རིག་གི་སྒྲིག་ཁོངས་སུ་ཡོད་མཁན་1901ཡོད།ལྗོངས་ཡོངས་ཀྱི་འཕྲོད་བསྟེན་མི་སྣའི་ཁྲོད་གྲོང་གསེབ་སྨན་པ་40%ཡིས་བོད་ཀྱི་གསོ་རིག་སྨན་བཅོས་བརྟེན་ནས་མང་ཚོགས་ལ་ནད་འགོག་སྨན་བཅོས་བྱེད་ཐུབ་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན།  2013ལོར་བོད་ཀྱིས་རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་མི་རིགས་སྨན་ཁང་གི་ནུས་པ་འཛུགས་སྐྱོང་སོགས་རྣམ་གྲངས་གཙོ་གནད་27ལ་སྐུལ་སྤེལ་ཏན་ཏིག་བཏང་བ་དང་།བོད་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཐོན་ཁུངས་ཡོངས་བཤེར་ལས་དོན་སྤེལ་བ་མ་ཟད།《བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་འཆར་འགོད》བཟོས་པ་དང་།  བོད་ཀྱི་གསོ་རིག་རྒྱུན་འཛིན་པ་171ལ《བོད་ཀྱི་གསོ་རིག་རྒྱུན་འཛིན་པའི་ལག་ཁྱེར》ཐོབ་པ་རེད།

    ཕུར་བུ་སྒྲོལ་མས་བོད་ཀྱིས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དེ་ཞིང་ལྗོངས་ལྔའི་སྨན་རྩིས་ཕྱོགས་བསྡུས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་དང་སྨན་རྫས་ཞིབ་འཇུག་རྟེན་གཞིར་གཏོད་རྩིས་ཡོད་པ་དང་།  2020ལོར་སླེབས་སྐབས་95%ཡན་གྱི་སྡེ་ཁུལ་དང་100%ཡི་ཤང(གྲོང་རྡལ)གི་འཕྲོད་བསྟེན་ཁང་གིས་བོད་ཀྱི་གསོ་རིག་བརྟག་བཅོས་ཁང་དང་བོད་སྨན་ལེན་ས་བཙུགས་ཏེ་75%ཡན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་གིས་བོད་ལུགས་གསོ་རིག་གི་ཞབས་འདེགས་ཞུ་ཐུབ་པ་བྱ་རྒྱུ་རེད་ཅེས་བརྗོད།

    བོད་ཀྱི་གསོ་རིག་ནི་འཛམ་གླིང་དུ་སྔར་བཞིན་སྤྱོད་པའི་སྲོལ་རྒྱུན་གསོ་རིག་མ་ལག་ཁ་ཤས་གྲས་ཀྱི་གཅིག་ཡིན།  ད་ལྟའི་བར་ལོ་ངོ་2000ལྷག་གི་ལོ་རྒྱུས་ལྡན་པ་དང་རྒྱ་ཆེའི་ཞིང་འབྲོག་པའི་དགའ་བསུ་དང་དང་ལེན་ཟབ་མོ་བྱེད་བཞིན་ཡོད་ཅིང་།བོད་ཀྱི་གསོ་རིག་ནི་2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332600801