གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ལོ་ ངོ་ སྟོང་ གི་ ལོ་ རྒྱུས་ ལྡན་ པའི་ ཐང་ ག་ དགོན་ སྡེ་ ནས་ སྤྱིར་ བཏང་ མང་ ཚོགས་ ཀྱི་ ཁྱིམ་ དུ་ བསྐྱོད་ པ།
2014-04-15        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཚེ་སྒྲོལ་གྱིས་ཉིན་འགའི་གོང་སྒོར་ཁྲི་གཉིས་ལྷག་ཙམ་གྱིས་ལྷ་སའི་བར་སྐོར་ཁྲོམ་གཞུང་ནས《སྒྲོལ་དཀར》གྱི་ཞལ་ཐང་ཞིག་ཉོས་པ་དང་། རང་ཁྱིམ་གྱི་ཁང་པ་གསར་པའི་མཆོད་ཁང་ནང་བརྟེན་རྒྱུའི་གྲ་སྒྲིག་ཡོད། དེ་ནི་ཁོ་མོས་ཉོས་པའི་ཐང་ག་བདུན་པ་དེ་ཡིན།

    བོད་རྙིང་པའི་སྐབས་ཐང་ག་ནི་གཙོ་བོ་དགོན་སྡེ་དང་སྐུ་དྲག་གི་ཁྱིམ་ཚང་དུ་བརྟེན་གྱི་ཡོད་པ་དང་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཚོས་མཇལ་བའི་གོ་སྐབས་དཀོན་པོ་རེད། ད་ཆ་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་ཚོང་ཁང་དང་ཞིང་འབྲོག་པའི་བདེ་སྡོད་ཁང་པ། ཐ་ན་རྩྭ་ཐང་སྟེང་གི་འབྲོག་པའི་གུར་ནང་དུའང་ཐང་ག་མཇལ་རྒྱུ་ཡོད་ཅིང་།  ཐང་ག་བརྟེན་པ་དེ་ཉིད་བོད་རིགས་མང་ཚོགས་ཕལ་ཆེ་བའི་དེང་རབས་ཆོས་ལུགས་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    “ངའི་གྲོགས་པོ་དང་ལས་རོགས་མང་པོ་ཞིག་གིས་ཁྱིམ་དུ་ཐང་ག་བསྒྲིགས་ཡོད། ང་ཚོས་སྒྲོལ་དཀར་བརྟེན་ནས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་བ་དང་བདེ་སྐྱིད་ཕུན་ཚོགས་ཡོང་བའི་སྨོན་ལམ་འདེབས་ཀྱིན་ཡོད”ཅེས་ཚེ་སྒྲོལ་གྱིས་བརྗོད།

    ཚེ་སྒྲོལ་གྱི་རྨོ་བོ་བཟང་མོའི་ངོས་ནས་བརྗོད་ན་ཉིན་ལྟར་བསྐོར་བར་མ་བསྐྱོད་གོང་གི་བྱ་བ་ཨང་དང་པོ་དེ་ནི་ཉིས་ཐོག་ཏུ་ཡོད་པའི་མཆོད་ཁང་ནང་གི་ཞལ་ཐང་རྣམས་ལ་གུས་ཕྱག་འཚལ་རྒྱུ་དེ་རེད། ཞིང་བྲན་གྱི་རྗེས་རབས་པ་ཡིན་པའི་ཁོང་ནི་ཆུང་དུས་ནས་དགོན་པའི་ནང་དུ་མ་གཏོགས་ཐང་ག་མཇལ་མྱོང་མེད་པ་དང་ད་ཆ་ཐང་གའི་ཚོང་ཁང་གང་སར་མཐོང་རྒྱུ་ཡོད།

    རྨོ་བོ་བཟང་མོ་ལགས་ཀྱིས་གསུངས་པ་ལྟར་ད་ཆ་བར་སྐོར་ཁྲོམ་གཞུང་གི་དྲ་མིག་ལྟ་བུའི་སྲང་ལམ་ནང་ཐང་གའི་ཚོང་ཁང་གྲལ་སྒྲིག་ནས་ཡོད་པ་དང་ཚོང་ཁང་ནང་སྨན་ཐང་དང་མཁྱེན་བརྩེ། ཀརྨ་སྒར་བྲིས་སོགས་འབྲི་ལུགས་མི་འདྲ་བའི་ཐང་ག་ཡོད་ཅིང་། ཐང་ག་ཉོ་བར་ཡོང་བའི་དད་ལྡན་མང་ཚོགས་དང་དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བར་མཚམས་ཆད་རྒྱུ་མེད།

    གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཐང་ག་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་པ་ནས་བཟུང་རིམ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཉར་ཚགས་ཁྲོམ་རའི་ཐོག་རྩ་ཆེའི་དངོས་རྫས་གསར་པ་ཞིག་ཏུ་གྱུར་ཡོད།

    གཞན་ཡང་། གསར་འགོད་པས་2012ལོར“བོད་ཀྱི་ཐང་ག་གསར་པ་བརྒྱའི་འདུ་འགོད”འགོ་ཚུགས་པ་ནས་བཟུང་བོད་ཀྱི་ཐང་ག་འབྲི་བའི་མཚོན་དོན་གསར་བཏོད་བྱེད་པའི་བརྒྱུད་རིམ་ཁྲོད་ཚད་བརྒལ་འགྲོ་བཞིན་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་བརྗོད་བྱ་ཕུད《སྤྲོ་སྣང་ལྡན་པའི་ཇ་ཁང》དང《ཅིང་ཅུས་དང་ལྷ་མོ་ཟུང་འབྲེལ་གྱི་འུན་ཤིང་ཀོང་ཇོའི་ཟློས་གར》སོགས་སྤྱི་ཚོགས་ཀྱི་འཚོ་བའི་འཕོ་འགྱུར་དང་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་ཀྱི་ནང་དོན་མཚོན་པའི་ཐང་གར་བོད་རིགས་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་དང་དགའ་བསུ་ཐོབ་བཞིན་ཡོད་པ་དོ་སྣང་བྱུང་།

    “དེ་སྔོན་ཐང་གའི་ནང་གཙོ་བོ་ཆོས་ལུགས་རིག་གནས་མངོན་གྱི་ཡོད། ད་ཆ་བོད་མི་རིགས་ཀྱི་རིག་གནས་ཤུལ་བཞག་དང་ལོ་རྒྱུས་དོན་ཆེན་ཡང་ཐང་གའི་མཚོན་དོན་དུ་གྱུར་བས་ང་ཚོ་མང་ཚོགས་དང་བར་ཐག་ཇེ་ཉེར་ཕྱིན་ཡོད”ཅེས་དགུང་ལོ་63ལ་ཕེབས་པའི་ལྷ་སའི་གྲོང་མི་ཕུར་བུ་ཚེ་རིང་གིས་གསུངས།

མཛའ་འབྲེལ་དྲ་བ།
010020070840000000000000011100001332635511