གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བློ་ བཟང་ རྒྱལ་ མཚན་ གྱིས་ ལྷོ་ ཁར་ བརྟག་ ཞིབ་ གནང་ བ།
2014-04-21        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེས་17ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷོ་ཁ་ས་ཁུལ་དུ་བརྟག་ཞིབ་གནང་སྐབས་སྔར་ལས་ལྷག་པའི་ངང་བསམ་བློར་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད་བྱས་ཏེ“དམ་འཛིན་བྱེད་ས་ཆ་དྲུག”སྔར་བས་ཡར་རྒྱས་ཡོང་བ་བྱེད་པ་དང་།“བྱ་ཐབས་དྲུག”སྔར་བས་ཚད་བརྒལ་ཡོང་བ་བྱེད་པ། “མ་མཐའི་མཚམས་ཐིག་གསུམ”སྔར་བས་བརྟན་སྲུང་ཡག་པོ་བཅས་བྱས་ནས་ཁྲོམ་རའི་སྒྲིག་བཀོད་ཐོན་ཁུངས་ཀྱི་རག་ལས་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་ལྷོ་ཁའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་།  ལྗོངས་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་དམིགས་ཚད་སྔོན་དུ་མངོན་འགྱུར་ཡོང་བ་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    2004ལོར་ལྷོ་ཁར་གཞིས་ཚུགས་པའི་ཧྭ་ཤིན་ཨར་འདམ་བོད་ལྗོངས་ཚད་ཡོད་ཀུང་སི་ནི་བོད་ལྗོངས་དང་ཧུའུ་པེ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་ཀྲུང་དབྱང་གི་བོད་སྐྱོར་ལས་དོན་གྱི་དགོངས་དོན་དོན་འཁྱོལ་ཧུར་ཐག་བྱེད་པའི་དཔེ་སྟོན་རྣམ་གྲངས་ཤིག་ཡིན་ཞིང་།  ཐོན་སྐྱེད་བྱ་ཡུལ་དུ་བློ་བཟང་རྒྱལ་མཚན་གྱིས་ཀུང་སིའི་འགན་ཁུར་བའི་ས་ནས་ཐོན་སྐྱེད་གཉེར་སྐྱོང་དང་།  ལས་ཞུགས་བསྡུ་ལེན།  ཁྲལ་འཇལ། ཁེ་ལས་ཀྱི་ཕན་འབྲས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།འགན་ཁུར་བས་2013ལོར་ཀུང་སིས་ཨར་འདམ་ཏུན་ཁྲི་120བྲིན་ཚོང་བྱས་པ་དེར་ཁྲལ་དངུལ་སྒོར་དུང་ཕྱུར་1.3འཇལ་བ་དང་ལས་ཞུགས་ལས་གནས་650ལྷག་ཙམ་མཁོ་འདོན་བྱས་པ་དེའི་ནང་60%ནི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་རེད་ཅེས་ངོ་སྤྲོད་བྱས་ནས་བཤད།

    བློ་བཟང་རྒྱལ་མཚན་གྱིས་ངོ་སྤྲོད་གསན་རྗེས་ཁས་ལེན་གང་ལེགས་གནང་བ་མ་ཟད།  ཁེ་ལས་ཀྱིས་རང་ངོས་འཕེལ་རྒྱས་ལ་སྣང་ཆེན་བྱེད་པ་དང་དུས་མཚུངས་འགན་འཁྲིའི་འདུ་ཤེས་མུ་མཐུད་ཟབ་ཏུ་བཏང་ནས་བྱེད་ཐབས་གསར་པ་དང་བྱ་ཐབས་བརྟན་པོའི་ཐོག་ནས་སྤྱི་ཚོགས་བརྟན་ལྷིང་དང་།སྣོད་བཅུད་སྲུང་སྐྱོང་།  བདེ་འཇགས་ཐོན་སྐྱེད་བཅས་མ་མཐའི་མཚམས་ཐིག་གསུམ་དུས་དང་རྣམ་པ་ཀུན་ཏུ་བརྟན་སྲུང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་ལྷོ་ཁ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ལས་ཀའི་སྙན་ཞུ་གསན་པ་དང་ཁོང་གིས་བོད་དབུས་དཔལ་འབྱོར་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ལྷོ་ཁས་རང་ལྗོངས་ཀྱི“སྲུང་ཡོལ་གཉིས་དང་ཁུལ་བཞི”འཛུགས་སྐྲུན་བྱེད་རིང་དེ་བས་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས།  གཅིག་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ་དང་། གཉིས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་བ་བྱེད་པའི་ཐད་འཚོལ་ཞིབ་གསར་པ་བྱེད་པ།  གསུམ་ནས་ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་པོ་འདིང་བའི་ཐད་བྱས་རྗེས་གསར་པ་འཇོག་པ།  བཞི་ནས་ཐོན་ལས་འཛུགས་སྐྲུན་ཐད་ཡར་རྒྱས་གསར་པ་ཡོང་བ་བྱེད་པ།  ལྔ་ནས་དམངས་འཚོ་ལེགས་གཏོང་ཐད་བྱེད་ཐབས་གསར་པ་སྤྱོད་པ།དྲུག་ནས“མ་མཐའི་མཚམས་ཐིག་གསུམ”བརྟན་སྲུང་བྱེད་པའི་ཐད་བྱེད་ཐབས་གསར་པ་འདོན་དགོས་པའི་ནན་བཤད་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332776681