གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ ཁྲལ་ འཇལ་ མཁན་ སྟོབས་ ཆེ་ བརྒྱའི་ འབངས་ གྲལ་ གྱི་ ཚད་ གཞི་ དེ་ སྒོར་ ཁྲི་ 2000ལས་ བརྒལ་ བ།
2014-04-22        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། སྤྱི་ཚེས་21ཉིན་བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱིས་2013ལོའི་བོད་ཀྱི་ཁྲལ་འཇལ་མཁན་སྟོབས་ཆེ་བརྒྱའི་འབངས་གྲལ་ཁྱབ་བསྒྲགས་བྱས་ཡོད། ན་ནིང་གི་འབངས་གྲལ་དང་བསྡུར་ན་2013ལོའི་སྟོབས་ཆེ་བརྒྱའི་འབངས་གྲལ་ནང་ཚུད་པར་བྱེད་པའི་ཚད་གཞི་ཆེས་ཆེར་མཐོ་རུ་ཕྱིན་ཞིང་སྒོར་ཁྲི་2000ལས་ཐེངས་དང་པོ་བརྒལ་ནས་སྒོར་ཁྲི་2030.7ཟིན་པ་དང་2012ལོ་ལས་སྒོར་ཁྲི་854.8མཐོ་རུ་ཕྱིན་ཡོད།

    བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡང་གྲེང་པིས། 2013ལོར་བོད་ཀྱི་ཁྲལ་འཇལ་མཁན་ཁེ་ལས་སྟོབས་ཆེ་བརྒྱས་ཁྲལ་འཇལ་ཚད་སྤྱི་འབོར་སྒོར་དུང་ཕྱུར་58.31ཟིན་པ་དང་2012ལོ་དང་བསྡུར་ན་བརྒྱ་ཆ་12.2འཕར་ཡོད། ཁྲལ་བསྡུའི་ཡོང་འབབ་དེ་ལྗོངས་ཡོངས་ཀྱི་ཁྲལ་བསྡུའི་སྤྱིའི་ཡོང་འབབ་ཀྱི་བརྒྱ་ཆ་39.5ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གནས་5.7མཐོ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་གནང་།

    དེ་མིན་ཁྲལ་འཇལ་མཁན་གྱི་འབངས་གྲལ་བཙུགས་ཚུན་སྒེར་གཉེར་ཁེ་ལས་འབངས་གྲལ་ནང་ཚུད་མྱོང་མེད། ཡང་གྲེང་པིས་ངོ་སྤྲོད་བྱས་པར་གཞིགས་ན། 2013ལོའི་བར་བོད་ཀྱི་སྒེར་གཉེར་ཁེ་ལས་251ཁྲོད་ཀྱི་གསུམ་ཆ་གཅིག་རོལ་རྩེད་ལས་རིགས་ཡིན་པ་དང་མང་ཆེ་བ་གཞི་ཁྱོན་ཆུང་བ་དང་ཁྲོམ་རའི་ཐོག་འགྲན་རྩོད་བྱེད་པའི་ནུས་པ་ལྡན་མེད། ཀྲུང་དབྱང་གིས་ཁེ་ལས་འབྲིང་ཆུང་གི་ཁྲལ་དོན་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པའི་ནུས་པ་རིམ་བཞིན་ཐོན་པ་དང་བསྟུན་ནས་ཁེ་ལས་དེ་རིགས་ལ་ཕྱོགས་ཁག་ཡོངས་ནས་རོགས་སྐྱོར་ནུས་ལྡན་ཐོབ་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332806421