གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ཀྱི་ བོད་ ལུགས་ གསོ་ རིག་ དང་ བོད་ སྨན་ གྱི་ ཚན་ རིག་ ཞིབ་ འཇུག་ ཐད་ གཡུར་ ཟའི་ གྲུབ་ འབྲས་ ཐོབ་ པ།
2014-04-23        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིནར་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་ལྗོངས་ཉིན་རེའི་ཐོག་ནས་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། ཟླ་བཞི་པར་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་ཞལ་བཤུས་དཔེ་ཚོགས་100ལྷག་ཙམ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་པ་སངས་ཀྱིས་རྣམ་གྲངས་དེ་ནི་2013ལོར་རྒྱལ་ཁབ་པར་སྐྲུན་ཐེབས་རྩའི་རྣམ་གྲངས་ཡིན་ཞིང་། དེ་ལས་རོགས་དངུལ་སྒོར་ཁྲི་1100ཐོབ་པ་དེ་བོད་ཀྱི་བོད་ལུགས་གསོ་རིག་སློབ་གླིང་གི་ལོ་རྒྱུས་ཐོག་སྒྲུབ་འགན་འཁུར་བའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་མྱུར་སྐྱོབ་རིགས་ཀྱི་པར་སྐྲུན་རྣམ་གྲངས་ཆེ་ཤོས་ཡིན་ལ་ཉེ་བའི་ལོ་ཤས་ནང་བོད་ལ་ཐོབ་པའི་རྒྱལ་ཁབ་པར་སྐྲུན་ཐེབས་རྩའི་རོགས་དངུལ་རྣམ་གྲངས་ཆེ་ཤོས་དེའང་ཡིན། དཔེ་ཚོགས་དེར་གླེགས་བམ་30དང་ཡིག་འབྲུ་ཁྲི་2700ཡོད་ཅིང་། ནང་དོན་གཙོ་བོ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལོ་རྒྱུས་དང་། རྨང་གཞིའི་རིག་གཞུང་། ནད་ཐོག་སྨན་བཅོས་ཉམས་མྱོང་། གནམ་རིག་སྐར་རྩིས་སོགས་ཀྱི་ཕྱོགས་མང་པོ་ཚུད་ཡོད།

    གཞན་ཡང་རྒྱལ་ཁབ་ཀྱིས་སྒོར་ཁྲི་300བཏང་བ་དང་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གིས་དཔེ་རྙིང་ཡིག་ཆ་ལེགས་སྒྲིག་བྱེད་འགན་འཁུར་བའི་རྣམ་གྲངས་མིག་སྔར་ལེགས་སྒྲུབ་བྱེད་གྲབས་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་དང་གནམ་རིག་སྐར་རྩིས་དང་འབྲེལ་བའི་དཔེ་རྙིང་ཡིག་ཆ་20ཟླ་6པའི་ཟླ་མཇུག་གོང་པར་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།

    པ་སངས་ཀྱིས་ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་ཐད་རྒྱལ་ཁབ་ཀྱིས་མ་འཇོག་བྱེད་ཤུགས་ལོ་རེ་བཞིན་མང་དུ་གཏོང་གི་ཡོད། བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་བཙུགས་པ་ནས་བཟུང་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཡིག་ཆ་དང་རྩ་ཆེའི་གཞུང་ལུགས་སྔོག་འདོན་དང་། ལེགས་སྒྲིགརྩོམ་སྒྲིགཔར་སྐྲུན་བཅས་ཀྱི་ལས་དོན་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ནས་ཤུགས་རྐྱེན་དང་རིན་ཐང་ངེས་ཅན་ལྡན་པའི་དཔྱད་རྩོམ་དང་ཆེད་རྩོམ་ཁག་གཅིག་ལེགས་སྒྲིག་དང་པར་སྐྲུན་བྱས་ཡོད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་4090བཏང་བའི་རྒྱལ་ཡོངས་ཀྱི་མི་རིགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཞིབ་འཇུག་ཐེབས་རྩའི་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་ཁང་ཆེན་འབའ་ཞིག་དེའང་བེད་སྤྱོད་གཏོང་གྲབས་ཡོད། མིག་སྔར་དེའི་ལས་སྒོ་འཛུགས་སྐྲུན་ལ་རྒྱལ་ཁབ་ཀྱི་ཞིབ་དཔྱད་རྩིས་ལེན་བདེ་བླག་བྱུང་བ་དང་། བོད་ལུགས་གསོ་རིག་གི་སྨན་པ་རྒན་གྲས་ཁྲི་10ཡི་སྨན་ཤོག་བསྡུ་རུབ་ལེགས་སྒྲིག་བྱས་པ། བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་སྟེགས་བུ་རགས་ཙམ་སྐྲུན་པ་བཅས་བྱས་ཡོད། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1560བཏང་བའི་སྨན་རྒྱུ་ཡོངས་བཤེར་རྣམ་གྲངས་ལག་བསྟར་བྱེད་བཞིན་ཡོད་ཅིང་། འདི་ལོའི་ལོ་མཇུག་གོང་རང་ལྗོངས་ཀྱི་སྨན་རྒྱུའི་ཐོན་ཁུངས་ཡོངས་བཤེར་ལས་འགན་་ལེགས་འགྲུབ་བྱ་རྒྱུ་ཡིན་པ་རེད། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རོགས་སྐྱོར་བྱས་པའི་རྨང་གཞིའི་ཞིབ་འཇུག་དང་། ནད་ཐོག་སྨན་བཅོས་ཞིབ་འཇུག བོད་སྨན་སྨན་རྒྱུའི་མི་ཐབས་འདེབས་འཛུགས་ལག་རྩལ་ཞིབ་འཇུག སྨན་རྫས་ལས་སྣོན་དང་སྨན་གསར་ཞིབ་བཟོ་སོགས་ཐད་ལ་ཕན་འབྲས་ངེས་ཅན་ཐོན་ཡོད་པ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001332832201