གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ དུ་ ཁྱད་ ལྡན་ ཞིང་ འབྲོག་ ལས་ ཀྱི་ ཐོན་ ལས་ གནས་ སྟངས་ རགས་ ཙམ་ གྲུབ་ པ།
2014-04-23        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར། རྣམ་གྲངས་འཛུགས་སྐྲུན་གྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་འཁོར་སྐྱོད་སྒྲིག་སྲོལ་གཙོ་བོ་ཡིན་ཞིང་། 2004ལོ་ནས་2013ལོའི་བར་བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ཀྱིས་རིམ་རྩིས་བྱས་ན་ལེགས་སྒྲིག་བྱས་པའི་རིགས་མི་འདྲ་བའི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་19.591ཟིན་པ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དུ་གཙོ་གནད་ཐོག་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་ཡན་ལག་རྣམ་གྲངས་450ལག་ལེན་བསྟར་ཐོག་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རྟེན་གཞི་200གསར་སྣོན་བྱས་པ་དང་། རིམ་རྩིས་བྱས་ན་ཞིང་འབྲོག་པའི་དུད་ཁྱིམ་ཁྲི་35ལྷག་ཙམ་ལ་རོགས་སྐྱོར་བྱས་ཡོད། རྣམ་གྲངས་བསྐྲུན་པ་ནས་བཟུང་དུད་ཁྱིམ་རེར་ཆ་སྙོམས་འབབ་འཕར་སྒོར་3263བྱུང་བ་དང་ཕན་པ་ཐོབ་པའི་མང་ཚོགས་ཁྲི་175.4ཟིན་ཡོད་པ་རེད།

    ཁྱད་ལྡན་ཞིང་འབྲོག་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པས་ཞིང་འབྲོག་ཁུལ་གྱི་རིགས་མི་འདྲ་བའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དེ་བོད་ཀྱི་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གསར་པར་གྱུར་ཡོད། 2013ལོའི་ལོ་མཇུག་བར་བོད་དུ་ཐོ་འགོད་བྱས་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1895ཟིན་པ་དང་དེར་བཏོན་པའི་མ་དངུལ་སྤྱི་འབོར་སྒོར་དུང་ཕྱུར་13.41ཟིན་ཡོད།

    ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱིས་ད་དུང་ཁྱད་ལྡན་ལས་སྣོན་ཐོན་ལས་འཕེལ་རྒྱས་བཏང་ཡོད། བསྡོམས་རྩིས་ལ་གཞིགས་ན། བོད་ཀྱིས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་24ལ་རོགས་སྐྱོར་བྱས་པ་དང་། ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་39.2ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ཀྱིས་བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་མགྱོགས་སུ་གཏོང་བའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་འཆར་འགོད་ཀྱང་རྩོམ་སྒྲིག་བྱེད་བཞིན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332835571