གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། པཎ་ ཆེན་ ཨེར་ ཏེ་ ནི་ ཆོས་ ཀྱི་ རྒྱལ་ པོས་ སྐབས་ བཅུ་ པའི་ མཐོ་ རིམ་ མཚན་ གནས་ དང་ སྐབས་ གཉིས་ པའི་ འབྲིང་ རིམ་ མཚན་ གནས་ ཐོབ་ མཁན་ ལ་ མཇལ་ ཁ་ གནང་ བ།
2014-05-20        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཟླ་5ཚེས་18ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་པེ་ཅིང་དགོན་སེར་ནུབ་མར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་པའི་མཐོ་རམས་པའི་མཚན་གནས་ཐོབ་མཁན་དང་།སྐབས་གཉིས་པའི་འབྲིང་རམས་པའི་མཚན་གནས་ཐོབ་མཁན།  མཐོ་རིམ་མཚན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་སྐྱེས་ཆེན་བླ་མ་བཅས་ལ་མཇལ་ཁ་གནང་བ།

    ཚེས་18ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་པེ་ཅིང་དགོན་སེར་ནུབ་མར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་པའི་མཐོ་རམས་པའི་མཚན་གནས་ཐོབ་མཁན་དང་།  སྐབས་གཉིས་པའི་འབྲིང་རམས་པའི་མཚན་གནས་ཐོབ་མཁན།  མཐོ་རིམ་མཚན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་སྐྱེས་ཆེན་བླ་མ་བཅས་ལ་མཇལ་ཁ་གནང་བ་རེད།

    མཇལ་ཁ་མ་གནང་གོང་པཎ་ཆེན་རིན་པོ་ཆེས་པཎ་ཆེན་སྐུ་ཕྲེང་དྲུག་པའི་ན་བཟའ་བཞུགས་པའི་མཆོད་རྟེན་ལ་མཇལ་ཁ་ཞུས་པ་དང་འབྲེལ་སྙན་ཤལ་ཡང་ཕུལ་རྗེས་མཐོ་རིམ་ནང་བསྟན་སློབ་གླིང་གི་ཉི་འོད་ཐོག་ཁང་གི་ཚོམས་ཆེན་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བར་ཕེབས་པ་རེད། མཇལ་ཁ་འགོ་ཚུགས་རྗེས་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་འཇམ་དབྱངས་བཞད་པ་སོགས་བླ་མ་སྐྱེས་ཆེན་གྱིས་གྲྭ་དམངས་ཀྱི་ཚབ་ཞུས་ཏེ་པཎ་ཆེན་རིན་པོ་ཆེར་མཎྜལ་རྟེན་གསུམ་ཕུལ་བ་དང་པཎ་ཆེན་རིན་པོ་ཆེས་གྲྭ་དམངས་རེ་རེ་བཞིན་ལ་ཕྱག་དབང་གནང་བ་དང་།  མཐོ་རམས་པའི་མཚན་གནས་དང་འབྲིང་རམས་པའི་མཚན་གནས་ཐོབ་མཁན་གྱིས་ཡར་བརྩོན་ཉམས་ལེན་དང་རྒྱལ་སྐྱོང་འགྲོ་ཕན་བྱ་རྒྱུའི་ཐུགས་རེ་གནང་བ་རེད།

    ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཟླ་5ཚེས་5ནས་ཚེས་18ཉིན་བར་པེ་ཅིང་གི་དགོན་སེར་ནུབ་མར་བོད་བརྒྱུད་ནང་བསྟན་གྱི་སྐབས་བཅུ་པའི་མཐོ་རིམ་མཚན་གནས་དང་སྐབས་གཉིས་པའི་འབྲིང་རིམ་མཚན་གནས་གནང་བའི་མཛད་སྒོ་སྤེལ་ཞིང་།  ཉིན་བཅུའི་རིང་རྟགས་གསལ་གཏོང་བ་དང་ཉིན་གཉིས་རིང་ཆེད་རྩོམ་རྩོད་ལན་བཏབ་པ་བརྒྱུད་དགེ་ལུགས་པ་དང་བཀའ་བརྒྱུད་པའི་རྒྱུགས་གཏོང་མཁན་དགེ་འདུན་པ་11ལ་མཐོ་རམས་པའི་མཚན་གནས་ཐོབ་པ་དང་།  ཇོ་ནང་པའི་རྒྱུགས་གཏོང་མཁན་དགེ་འདུན་པ་23ལ་འབྲིང་རམས་པའི་མཚན་གནས་ཐོབ་པ་རེད།

    བོད་བརྒྱུད་ནང་བསྟན་གྱི་མཚན་གནས་ལམ་ལུགས་གསར་པ་དེ་2004ལོར་བཙུགས་ཤིང་།  བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་གྲོས་འགོ་བཏོན་པ་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དཔེ་སྦྱོང་རྒྱུགས་སྤྲོད་བྱེད་སྟངས་རྒྱུན་འཛིན་དང་དེང་རབས་སློབ་གསོའི་བྱ་ཐབས་དང་ཟུང་འབྲེལ་བྱས་པ་དེའི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་གྱི་བྱང་ཚད་མཐོ་བའི་གྲྭ་པ་གསོ་སྐྱོང་བྱ་ཆེད་ཀྱི་མཚན་གནས་སློབ་གསོའི་ལམ་ལུགས་ཤིག་ཡིན་ཞིང་།  མིག་སྔའི་བར་མཐོ་རིམ་ནང་བསྟན་སློབ་གླིང་ནས་མཐོ་རམས་པའི་མཚན་གནས་ཐོབ་མཁན་དགེ་འདུན་པ་110དང་འབྲིང་རམས་པའི་མཚན་གནས་ཐོབ་མཁན་དགེ་འདུན་84ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001333462611