གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བློ་ བཟང་ རྒྱལ་ མཚན་ གྱིས་ བོད་ འདི་ ཉིད་ འཛམ་ གླིང་ གི་ ཡུལ་ སྐོར་ བྱ་ གནས་ གལ་ ཆེན་ དུ་ བསྐྲུན་ རྒྱུའི་ ཆེད་ དོན་ བློ་ འདྲི་ དང་ རིགས་ པས་ ཁུངས་ སྐྱེལ་ གྱི་ ཚོགས་ འདུ་ གཙོ་ སྐྱོང་ གནང་ ནས་ འཚོགས་ པ།
2014-05-20        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེས་17དང་ཚེས་18ཉིན་གཉིས་རིང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི།  རང་སྐྱོང་ལྗོངས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་པེ་ཅིང་དུ་ཆེད་དོན་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་བོད་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་གནས་གལ་ཆེན་དུ་བསྐྲུན་རྒྱུའི་ཐད་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་བྱས་པ་རེད།  ཚོགས་འདུའི་ཐོག་ཡུལ་སྐོར་དང་།  རིག་གནས།  སྣོད་བཅུད།  དཔལ་འབྱོར་སོགས་ཁྱབ་ཁོངས་མི་འདྲ་བའི་རྒྱལ་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གྲགས་ཅན་ཡོང་ནས《བོད་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་གནས་གལ་ཆེན་དུ་བསྐྲུན་རྒྱུའི་དུས་འབྲིང་རིང་གི་འཆར་འགོད》དང《འཛམ་གླིང་གི་ཡུལ་སྐོར་བྱ་གནས་གལ་ཆེན་དུ་བསྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་དམིགས་ཏེ་བོད་ཀྱི་ཡུལ་སྐོར་ཕུགས་ལ་གོང་འཕེལ་གཏོང་བའི་འདུ་ཤེས་དང་བསམ་ཕྱོགས་དང་།  འཐབ་ཇུས་ཀྱི་གནས་བབ། འཕེལ་རྒྱས་གཏོང་སྟངས།  དམིགས་ཚད་བྱ་ཐབས།སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ།  མང་ཚོགས་ཀྱི་ཁེ་ཕན་འགན་ལེན།  མ་འཇོག་དང་མ་དངུལ་མཉམ་འདུའི་བྱ་ཐབས།  ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་སོགས་ཕྱོགས་མང་པོར་དམིགས་ཏེ་གང་བསམ་ལྷུག་གླེང་དང་ཇུས་ཤུགས་མཉམ་འདོན་ཧུར་ཐག་བྱས་པ་རེད།ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་ད་ཐེངས་ཀྱི་ཚོགས་འདུ་དེ་ནི་བོད་ཀྱི་ཡུལ་སྐོར་གོང་འཕེལ་གཏོང་བའི་ཐད་གལ་འགངས་ཆེ་བ་དང་།  རིམ་པ་མཐོ་བ།  བློ་གྲོས་གཅིག་སྡུད་བཅས་ཀྱི་ཚོགས་འདུ་ཞིག་ཡིན་པས་བློ་མཐུན་བྱམས་པ་ཕུན་ཚོགས་དང་རག་སྡིས་རྣམ་གཉིས་ཀྱིས་ཚོགས་འདུ་འཚོགས་པར་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ཐད་ཐུགས་རེ་ཟབ་མོའང་བཅོལ་གནང་ཡོད།བོད་རིགས་ཀྱི་གཏམ་དཔེར“མཁས་པ་རྩད་ཅིང་མ་དྲིས་ན།  ཇི་སྲིད་བར་དུ་གཏིང་མི་དཔོག   རྔ་ལ་དབྱུག་གུས་མ་བསྣུན་ན།  དེ་སྲིད་གཞན་དང་ཁྱད་ཅི་ཡོད”ཅེས་པ་ལྟར་རིགས་གཅིག་མཁས་ཅན་ཚོའི་གྲོས་བསྡུར་གཏམ་བཤད་དེ་ལྷག་བསམ་ཟོལ་མེད་དང་།དམིགས་སའི་རང་བཞིན་ཆེ་བ།དོན་སྙིང་ཟབ་པ་བཅས་ཡིན་པས་ཚད་གཞི་མཐོ་བའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་བོད་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་འགྲོ་མགྱོགས་སུ་གཏོང་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།  བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་གུས་འདུད་ཀྱང་ཞུས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཡུལ་སྐོར་ཐོན་ལས་ནི་བོད་ཀྱི་དངོས་ཡོད་ཀྱི་ལེགས་ཆ་ལྡན་ཤོས་དང་།འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ལྡན་ཤོས།  སྐུལ་ཁྲིད་རང་བཞིན་ལྡན་ཤོས།  འཚར་ལོངས་རང་བཞིན་ལྡན་ཤོས་བཅས་ཀྱི་སྣོད་བཅུད་གནོད་མེད་ཐོན་ལས་དང་དམངས་ཕྱུག་ཐོན་ལས་ཤིག་རེད།གཅིག་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་སྔར་བས་གསལ་བཟོ་དང“དམ་འཛིན་བྱེད་གཞི་ཆ་དྲུག”དང“བྱེད་ཐབས་དྲུག”“མ་མཐའི་མཚམས་ཐིག་གསུམ”བཅས་ཀྱི་སྲིད་གཞུང་གི་སྤྱིའི་ལས་དོན་བསམ་ཕྱོགས་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དང་།   གཉིས་ནས་ཡུལ་སྐོར་གོང་འཕེལ་གཏོང་བའི་འཐབ་ཇུས་ཀྱི་གནས་གཏན་འཁེལ་སྔར་བས་གསལ་བཟོ་བྱས་ནས་རྩེ་གྲ་དང་།ཕུལ་བྱུང་།ཁྱད་ལྡན་བཅས་མཐའ་འཁྱོངས་བྱེད་དགོས་པ།  གསུམ་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་སྔར་བས་གསལ་བཟོ་བྱས་ནས་ཐོན་ཁུངས་བཀོད་སྒྲིག་བྱེད་རིང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་དོ་སྣང་བྱས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་།  ཁེ་ལས་ཞུགས་པ།ཁྲོམ་ར་འཁོར་སྐྱོད་བཅས་ཀྱི་ཕུགས་ཕན་ལམ་སྲོལ་དངོས་འབྲེལ་ཆགས་པ་བྱས་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ།བཞི་ནས་ལས་ཀའི་གཙོ་གནད་སྔར་བས་གསལ་བཟོ་བྱས་ནས་གཅིག་འདོམས་འཆར་འགོད་ཡག་པོ་བྱས་ཏེ་ཡུལ་སྐོར་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་གཙོ་ཁྲིད་ཐོན་ལས་ནུས་ཤུགས་ཡོད་རྒུས་སྐྱོང་སྤེལ་བྱེད་དགོས་པ་མ་ཟད“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་སྐོར་ལས་དོན་ཁག་འཆར་འགོད་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་འཆར་འགོད་དེ་རྒྱལ་སྤྱིའི་ཚད་གཞི་དང་།  ཀྲུང་གོའི་རྩེ་གྲཁྱད་ཆོས་མངོན་གསལ།  དོན་དངོས་དང་འཚམ་པ་བཅས་ཀྱི་འཆར་འགོད་ཅིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001333462781