གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཁྲེན་ ཆོན་ གོས་ རྒྱལ་ ཡོངས་ སྲིད་ གྲོས་ སྤྱི་ ཚོགས་ དང་ ཁྲིམས་ ལུགས་ ཨུ་ ལྷན་ གྱི་ བོད་ སྐྱོད་ བརྟག་ ཞིབ་ ཚོགས་ ཆུང་ དང་ མཇལ་ འཛོམས་ གནང་ བ།
2014-06-14        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་སར་རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲེན་ཡན་གྱིས་སྣེ་ཁྲིད་པའི་རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ལྷན་གྱི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་ཚབ་ཞུས་ཏེ་རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ལྷན་གྱི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་ལ་དགའ་བསུ་ཞུས་པ་དང་རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁྲེན་ཆོན་གོས་ཉེ་བའི་ལོ་ཤས་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི“ལྟེ་བ་གཅིག”དང་།“དོན་ཆེན་གཉིས”“འགན་ལེན་བཞི”བཅས་ལ་དམ་པོར་དམིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཧུར་ཐག་གཏོང་བ་དང་།ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ།མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ།ཆོས་ལུགས་འཆམ་མཐུན་ལ་སྐུལ་མ་ཏན་ཏིག་གཏོང་བ།དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་ཤུགས་ཆེན་གཏོང་བ།ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།ཏང་འཛུགས་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ།མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་ངང་སྤེལ་བ་བཅས་བྱས་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།ད་ལོ་ནི་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་ལོ་ཞིག་རེད།ང་ཚོས་དེ་གོ་སྐབས་དང་སྒུལ་ཤུགས་སུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་བསམ་བློ་གལ་ཆེན་དང“ནུས་ཤུགས་ཡོད་རྒུས་བོད་རྒྱུན་སྲིང་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ།ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་བཅོས་སྐྱོང་བྱེད་པ་དང་།བོད་ཡུན་རིང་འཛུགས་སྐྲུན་བྱེད་པ།མི་སེམས་ཐོབ་པ་བྱེད་པ།རྨང་གཞི་བརྟན་པོ་འདིང་བ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་བོད་རྒྱུན་སྲིང་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་པ་དང“འཛམ་གླིང་ཐོག་གི་ས་གཙང་མཐའ་མ”དེ་ཏན་ཏིག་ངང་སྲུང་སྐྱོང་ཡག་པོ་བྱས་ཏེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན།རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ལྷན་གྱིས་སྔར་རྒྱུན་ལྟར་བོད་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཀྲེན་ཡན་གྱིས་བརྟག་ཞིབ་ཚོགས་ཆུང་ད་ཐེངས་བོད་ལ་བརྟག་ཞིབ་བྱས་པའི་གནས་ཚུལ་ངོ་སྤྲོད་སྟབས་བདེ་གནང་ཞིང་།ཁོང་གིས་ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་སྐྱོང་བྱེད་ཕྱོགས་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་ཕྱོགས་གཅིག་ནས་འཕེལ་རྒྱས་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་བརྟན་ལྷིང་དམ་འཛིན་བྱས་ཏེ་རྩ་ཆེའི་ཉམས་མྱོང་མང་པོ་གཏོད་པ་དང་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད།དེང་དུས་ཀྱི་བོད་ནི་སྤྱི་ཚོགས་བརྟན་ལྷིང་དང་།རིག་གནས་དར་རྒྱས།ཆུ་དྭངས་དགུང་སྔོན།མི་དམངས་བདེ་སྐྱིད་ལྡན་པ་བཅས་རེད།རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ལྷན་གྱིས་རང་ཉིད་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་ཧུར་ཐག་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001334068491