གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཁྲེན་ ཆོན་ གོས་ ལྷ་ སར་ མི་ རིགས་ ཁག་ གི་ མང་ ཚོགས་ དང་། རྒྱལ་ ཁབ་ ཕྱི་ ནང་ གི་ ཡུལ་ སྐོར་ བ། ལས་ སྒྲུབ་ མི་ སྣ་ བཅས་ ལ་ གཟིགས་ པ།
2014-06-16        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།   གནམ་གཤིས་ལེགས་སུ་ཕྱིན་པ་དང་ཆབས་ཅིག་བོད་དུ་ཡུལ་སྐོར་བྱེད་མཁན་རིམ་བཞིན་མང་དུ་ཕྱིན་པ་དང་། མིག་སྔར་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོ་སྟེ།ས་ག་ཟླ་བ་ཏག་ཏག་འཁེལ་ཡོད། ཡུལ་སྐོར་ཁོར་ཡུག་ཇི་འདྲ་འདུག་གམ།དད་ལྡན་མང་ཚོགས་སྐོར་བར་འགྲོ་སྐབས་སྟབས་བདེ་ཡོད་མེད་ཐད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད།ཚེས་13ཉིན་གྱི་སྔ་དྲོ་ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་ཕེབས་ནས་མི་རིགས་ཁག་གི་མང་ཚོགས་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ། ལས་སྒྲུབ་མི་སྣ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་རེད།

    རྩེ་སྐོར་ལམ་དུ་ས་གནས་ཁག་ནས་ཡོང་བའི་དད་ལྡན་མང་ཚོགས་སྒྲིག་ལམ་ལྡན་པའི་ངང་སྐོར་བ་རྒྱག་བཞིན་ཡོད། “བཀྲ་ཤིས་བདེ་ལེགས།བཀྲ་ཤིས་བདེ་ལེགས”ཞེས་ཁྲེན་ཆོན་གོས་མང་ཚོགས་ཀྱི་མདུན་དུ་ཕེབས་ནས་ཐུགས་སྣང་གཤིན་པོའི་ངང་སྐོར་བ་རྒྱག་མཁན་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

    སྐོར་བ་རྒྱག་མཁན་མང་ཚོགས་འཚང་ཁ་ཤིག་ཤིག་ངང་ཁྲེན་ཆོན་གོའི་མདུན་དུ་ཡོང་བ་དང་། ཁོང་གི་ཕྱག་ནས་འཇུས་ཏེ་འཚམས་འདྲི་ཞུས་ཤིང་། ཁོང་ཚོས་དགའ་ཚོར་ཆེན་པོས་ཧྲུའུ་ཅི་ཁྲེན་ཆོན་གོར་འདི་ལོའི་ས་ག་ཟླ་བའི་ཆོས་ལུགས་བྱེད་སྒོའི་སྒྲིག་ལམ་ཧ་ཅང་ཡག་པོ་འདུགསྲིད་གཞུང་གིས་སྐོར་ལམ་དུ་ཆེད་མངགས་སྤྲིན་ཟམ་བསྐྲུན་པས་སྟབས་བདེ་ལ་བདེ་འཇགས་ལྡན་པ་ཞིག་འདུགསྐོར་ལམ་དུ་ད་དུང་ཞབས་ཞུའི་ས་ཚིགས་བཙུགས་ནས་ཚང་མར་ཆུ་དང་སྨན་རྫས་མཁོ་འདོན་བྱེད་ཀྱི་ཡོད་པས་ང་ཚོ་བློ་ཡིད་ཚིམ་པོ་འདུག་ཅེས་བཤད་པ་རེད། ཁྲེན་ཆོན་གོས་འཛུམ་དམུལ་དམུལ་ངང་ཆོས་དད་རང་མོས་ནི་རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་སྲིད་ཇུས་ཤིག་དང་།དད་ལྡན་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ་ནི་ཏང་ཨུད་དང་སྲིད་གཞུང་གི་སྤྱི་པའི་ཞབས་ཞུའི་གཞི་རྩའི་ནང་དོན་ཞིག་རེད།ཚང་མས་ད་ཆའི་དུས་བབ་བཟང་པོར་གཅེས་སྤྲས་བྱས་ཏེ་སྐོར་བ་ཡག་པོ་རྒྱག་པ་མ་ཟད།གཟུགས་པོར་སྦྱོང་བརྡར་ཡང་བྱེད་པ་དང་།རང་ཉིད་དང་ནང་མིར་གསོལ་བ་སྨོན་ལམ་འདེབས་པ་མ་ཟད་།ང་ཚོའི་མེས་རྒྱལ་དང་རླབས་ཆེན་ཀྲུང་གོའི་ཕུགས་འདུན་ལ་གསོལ་བ་སྨོན་ལམ་ཡང་བཏབ་ནས་ཞི་མཐུན་བརྟན་ལྷིང་གི་དུས་བབ་ཐུན་མོང་ཐོག་སྲུང་སྐྱོང་དང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་ལོངས་སྤྱོད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    གཙུག་ལག་ཁང་ཐང་ཆེན་དང་བར་སྐོར་ནང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ཆོས་མཇལ་ཞུ་མཁན་མང་ཚོགས་རྒྱུན་ཆད་རྒྱུ་མེད་པ་དང་།  ལ་ལས་སྐོར་བ་རྒྱག་ཀྱིན་གསོལ་བ་སྨོན་ལམ་འདེབས་བཞིན་པ་དང་ལ་ལས་དྲན་རྟེན་པར་རྒྱག་བཞིན་ཡོད་པས་ཞི་མཐུན་དང་དར་རྒྱས་ཀྱི་རྣམ་པ་ཞིག་མངོན།ཁྲེན་ཆོན་གོས་གཟིགས་ཞིབ་གནང་བཞིན་དུ་ཡུལ་སྐོར་བ་དང་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་།ཁྲེན་ཆོན་གོས་ཐུགས་སྣང་གཤིན་པོའི་ངང་ནང་ས་ནས་ཡིན་པའི་ཡུལ་སྐོར་བ་ཁག་གཅིག་ལ“བོད་ཀྱི་ཡུལ་ལྗོངས་མཛེས་པོ་འདུག་གམ།འདི་གར་ཡུལ་སྐོར་དུ་ཡོང་སྐབས་བདེ་འཇགས་ཀྱི་སྣང་བ་ཞིག་ཚོར་གྱི་འདུག་གམ”ཞེས་འདྲི་སྐབས།ཚང་མས་བོད་ཀྱི་ཡུལ་ལྗོངས་རི་མོ་ཇི་བཞིན་ཧ་ཅང་མཛེས་པོ་འདུག་ལ་མི་རྣམས་ཀྱང་སེམས་རྩ་འཁོལ་པོ་འདུགགཙོ་བོ་འདི་གའི་བདེ་འཇགས་ཡག་པོ་འདུག་པས་ང་ཚོ་ཡུལ་སྐོར་དང་རོལ་རྩེད་བྱེད་རིང་སེམས་ནད་མེད་པས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་བརྗོད་པ་རེད།ཁྲེན་ཆོན་གོས་འཛུམ་དམུལ་དམུལ་ངང་ཁྱེད་ཚོའི་སྐད་ཆར་རྦད་དེ་མོས་མཐུན་ཡོད།བདེ་འཇགས་ནི་མི་རྣམས་ཀྱི་ཆེས་གཞི་རྩའི་དགོས་མཁོའི་གྲས་ཤིག་ཡིན།བདེ་འཇགས་འགན་ལེན་མེད་ཚེ་ཡུལ་ལྗོངས་ཇི་ལྟར་མཛེས་ཀྱང་དེའི་མཛེས་ཉམས་མྱོང་རོལ་བྱེད་མི་ཐུབ།བོད་དུ་ཁྱེད་ཚོ་བློ་བདེ་པོའི་ངང་ས་མཐོའི་བརྗིད་ཆགས་ཡིད་འོང་གི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པ་ལས་བདེ་འཇགས་ཀྱི་གནད་དོན་ཐད་སེམས་ཁྲལ་སྤུ་ཙམ་ཡང་བྱེད་མི་དགོས་པ་ངས་ཁྱེད་ཚོར་འགན་འཁུར་བའི་ངང་ཁས་ལེན་བྱས་ཆོག་ཅེས་གསུངས་པ་རེད།ཁྲེན་ཆོན་གོའི་གསུང་བྲོད་པོ་དེ་ཐོས་སྐབས་ཡུལ་སྐོར་བ་ཚོ་དགའ་ཚོ་དང་བཅས་གད་མོ་ཤོར་བ་རེད།

    རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་སུ་ཁྲེན་ཆོན་གོས་ལས་རེས་སྣེ་ཁྲིད་འགོ་ཁྲིད་དང་ལས་རེས་པར་བྱམས་བརྩེའི་ངང་གཟིགས་པ་དང་བརྙན་ལམ་བཀོད་འདོམས་མ་ལག་ལ་བརྟེན་ནས་གཞི་རིམ་འཐབ་ས་དང་པོའི་ལས་སྒྲུབ་མི་སྣར་འཚམས་འདྲི་གནང་བ་རེད།ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ཏང་སྲིད་དམག་ཉེན་དམངས་ལ་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་ཤིང་།ཚང་མས་ཡང་འབད་བསྐྱར་འབད་དང་།ཉེན་བརྡ་རྒྱུན་སྒྲོགབྱེད་ཐབས་ཞིབ་ཚགས།འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་དུས་བབ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་བཏང་སྟེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་མི་རིགས་ཁག་གི་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001334100021