གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཁྲེན་ ཆོན་ གོས་ རྒྱལ་ སྲིད་ སྤྱི་ ཁྱབ་ ཁང་ ཕྱིར་ སྡོད་ རང་ མིའི་ ལས་ དོན་ གཞུང་ ལས་ ཁང་ གི་ ཀྲུའུ་ རེན་ ཆིའུ་ ཡོན་ ཕིང་ དང་ མཇལ་ འཛོམས་ གནང་ བ།
2014-06-23        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེས་21ཉིན་གྱི་ཕྱི་དྲོ་ལྷ་སར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཆིའུ་ཡོན་ཕིང་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་གི་ཚབ་ཞུས་ཏེ་ཆིའུ་ཡོན་ཕིང་དང་བཅས་པ་བོད་དུ་རྟོག་ཞིབ་ཏུ་ཕེབས་པར་དགའ་བསུ་ཞུས་པ་མ་ཟད།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་གིས་དུས་ཡུན་རིང་པོར་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།ཁྲེན་ཆོན་གོས་ཉེ་བའི་ལོ་ཤས་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་།མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“བོད་རྒྱུན་བསྲིང་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ།ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་།ཡུན་རིང་བོད་འཛུགས་སྐྲུན།མི་སེམས་བརྩོན་ལེན།རྨང་གཞི་བརྟན་པོ་འདིང་བ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ།

    ཏང་ཀྲུང་དབྱང་གིས་ཁ་གསལ་བཟོས་པའི“ལྟེ་བ་གཅིག”དང“དོན་ཆེན་གཉིས”“འགན་ལེན་བཞི”བཅས་ལ་དམ་པོར་དམིགས་པ།དངོས་འཛིན་དངོས་སྒྲུབ་དང་གསར་འབྱེད་ཡར་བརྩོན་བཅས་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་།ཞི་མཐུན་བརྟན་ལྷིང་།མི་རིགས་མཐུན་སྒྲིལ།དམངས་འཚོ་ལེགས་བཅོས།ཆོས་ལུགས་ཞི་མཐུན།སྣོད་བཅུད་ལེགས་པ།ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་རེད།གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་།རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར།རྒྱལ་ཡོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན།རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་ཚུད་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བཅས་ལས་བྱུང་བ་རེད་ཅེས་གསུངས་ཤིང་།ཁོང་གིས་དེང་སྐབས་བོད་ལྗོངས་ལ་2020ལོར་སླེབས་སྐབས་བོད་ལྗོངས་དེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།སྒོ་ཀུན་ནས་བརྟན་ལྷིང་བཅས་རྒྱུན་འཁྱོངས་བྱེད་པའི་ལས་འགན་ཆེན་པོ་གཉིས་འཕྲད་ཡོད།རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གིས་བོད་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུའི་རེ་བ་ཡོད་ཅེས་ཀྱང་གསུངས་པ་རེད།

    ཆིའུ་ཡོན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་སྐྱོང་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ནས་ལས་ཀའི་བསམ་ཕྱོགས་དང་བྱེད་སྟངས་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་པ་དང་།སྔོན་ཚུད་ནས་གྲ་སྒྲིག་ཡག་པོ་བྱེད་པ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་མཐའ་འཁྱོངས་བྱེད་པ།གཞི་རིམ་ལ་དམ་འཛིན་དང་།རྨང་གཞི་བརྟན་དུ་གཏོང་བ།རྩ་བ་སྲ་བརྟན།དམངས་འཚོར་འགན་ལེན།འཕེལ་རྒྱས་དོན་གཉེར་བཅས་བྱས་ཁར་སྤྱི་ཚོགས་འགན་སྲུང་དྲ་རྒྱ་དང་སྤྱི་ཚོགས་དོ་དམ་དྲ་རྒྱ།སྤྱི་ཚོགས་བདེ་འཇགས་དྲ་རྒྱ་བཅས་ཀྱི་འཛུགས་སྐྱོང་ལ་སྐུལ་སྤེལ་ཧུར་ཐག་བཏང་བས་དཔལ་འབྱོར་ལེགས་ལ་མྱུར་བའི་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ་དང་།བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཐོབ་པའི་གྲུབ་འབྲས་ཀྱིས་ང་ཚོར་བློ་སྟོབས་འཕེལ་བ་དང་བོད་ཀྱི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་ཤིང་།ཁོང་གིས་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་འབྲེལ་བ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གིས་ཕྱིར་སྡོད་རང་མིའི་ལས་དོན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་།ཕྱིར་སྡོད་རང་མིའི་ཐོན་ཁུངས་གཅིག་འདོམས།བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ཧུར་ཐག་བྱེད་པ།སྔར་བས་མཐུན་སྒྲིལ་གྱིས་ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླར་ཞབས་འདེགས་ཞུ་བ།བོད་ཀྱི་དམངས་འཚོ་ལེགས་བཅོས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ།བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་པ་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001334294471