གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཏེང་ ཞའོ་ ཀང་ མངའ་ རིས་ སྒར་ རྫོང་ བཀྲ་ ཤིས་ སྒང་ ཤང་ དུ་ ཕེབས་ ནས་ མཐའ་ མཚམས་ ཀྱི་ ལས་ བྱེད་ མང་ ཚོགས་ དང་ འཐབ་ ཕྱོགས་ དང་ པོའི་ མཐའ་ སྲུང་ དཔོན་ དམག་ ཚོར་ གཟིགས་ པ་ དང་ འཚམས་ འདྲི་ གནང་ བ།
2014-06-24        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཟླ6ཚེས་21ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ།ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་དུ་ཕེབས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་ཚབ་ཞུས་ནས་མཐའ་མཚམས་ཀྱི་ལས་བྱེད་མང་ཚོགས་དང་འཐབ་ཕྱོགས་དང་པོའི་མཐའ་སྲུང་དཔོན་དམག་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད།མཐའ་མཚམས་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་ཀྱང་གནང་བ་རེད།

    བདེ་མཆོག་གྲོང་ཚོར་ཕེབས་སྐབས་དུད་ཚང་ཚང་མའི་ཁང་སྟེང་དུ་སྐར་ལྔའི་དར་དམར་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བ་དང་།  བོད་ལུགས་ཀྱི་ཁང་པ་སྟར་པ་རེ་རེ་བཞིན་གྲལ་སྟར་སྒྲིག་པོས་གནས་པ།  གྲོང་ཚོའི་ཨར་འདམ་གཞུང་ལམ་རྒྱ་ཆེ་ལ་ཁོད་སྙོམས་པ་བཅས་ཀྱི་ཁར་ཉི་ནུས་ལམ་སྒྲོན་དང་ལུས་སྦྱོང་ཡོ་བྱད་སྣ་ཚོགས་ཡོད་པ་དེ་དག་ལས་མཐའ་མཚམས་གྲོང་ཚོར་དེང་རབས་ཀྱི་ཉམས་འགྱུར་ཟབ་མོ་ལྡན།  ཏེང་ཞའོ་ཀང་དགྱེས་ཤིང་ཐུགས་བདེ་པོའི་སྒོ་ནས་གཟིགས་ཀྱིན་དུ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁགམཐའ་སྲུང་ཡུལ་དམག་རུ་ཁག་བཅས་དང་བྱམས་བརྩེའི་ངང་གླེང་མོལ་ཡང་གནང་བ་རེད།

    གླེང་མོལ་གནང་སྐབས་ཁོང་གིས་ཏང་གི་དྲིན་ཚོར་སློབ་གསོ་ཤུགས་ཆེན་སྤེལ་ནས་མི་སེར་ཚོར་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་ཤེས་སུ་འཇུག་དགོས་པ་དང་།  རྩ་སྲ་རྨང་བརྟན་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོར་མང་ཚོགས་ཀྱི་ལས་དོན་ཡག་པོར་བསྒྲུབས་ཏེ་ཆ་རྐྱེན་དཀའ་ཚེགས་ཆེན་པོའི་ཁྲོད་འདུ་ཤེས་ཞུན་བརྡར་བྱེད་པ་དང་གཞི་རིམ་ལས་དོན་ཁྲོད་འཇོན་ཐང་ཆེ་རུ་བཏང་ནས་མཐའ་མཚམས་ས་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    བསོད་ནམས་དབང་གྲགས་ནི་ཏང་ནང་ཞུགས་ནས་ལོ་20ལྷག་ཙམ་སོང་བའི་ཏང་ཡོན་རྒན་གྲས་ཤིག་རེད་ལ་གྲོང་ཚོས་དམངས་གཙོའི་འདེམས་ཤོག་འཕངས་ནས་བདམས་པའི་དུད་སྦྲེལ་སྤྱི་མི་ཞིག་ཀྱང་རེད།བསོད་ནམས་དབང་གྲགས་ཀྱིས་ཏེང་ཞའོ་ཀང་ལ་བདག་གི་ཁྱིམ་གྱི་ལོའི་དངུལ་སྨར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད་ལ་གྲོང་ཚོའི་ཚན་རྩལ་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་ཞེས་ཞུས།ཏེང་ཞའོ་ཀང་གིས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད་ལ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད།དེ་རིང་གི་མཐོང་ཐོས་ཚང་མའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་དེ་ནི་བོད་ཀྱི་དོན་དངོས་དང་འཚམ་པ་ཞིག་ཡིན་ལ་མཁས་མཛངས་ལྡན་ལ་ཡང་དག་པ་ཞིག་ཀྱང་ཡིན་པ་ར་འཕྲོད་གསལ་པོ་ཐུབ་པ་མཚོན་གྱི་ཡོད།རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་དགེ་མཚན་ལྡན་པའི་ནུས་པ་ངེས་པར་དུ་འདོན་སྤེལ་གང་ལེགས་བྱས་ནས་དུད་སྦྲེལ་བརྟན་ལྷིང་ཡོང་བ་དང་དུད་སྦྲེལ་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་གསུངས་པ་རེད།ཕེབས་ཁར་ཏེང་ཞའོ་ཀང་དང་བསོད་ནམས་དབང་གྲགས་བཟའ་ཚོ་གཉིས་མཉམ་དུ་དྲན་རྟེན་འདྲ་པར་བརྒྱབ་པ་དང་འབྲེལ་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་པ་རེད།

    བཀྲ་ཤིས་སྒང་ཤང་དུ་ཏེང་ཞའོ་ཀང་ཆེད་མངགས་མཐའ་སྲུང་གཞི་རིམ་མཉམ་སྦྲེལ་རུ་ཁག་ཏུ་ཕེབས་ནས་འཐབ་ཕྱོགས་དང་པོའི་མཐའ་སྲུང་དཔོན་དམག་ཚོར་གཟིགས་པ་དང་འཚམས་འདྲི་གནང་ཞིང་།འཐབ་ཕྱོགས་དང་པོའི་མཐའ་སྲུང་དཔོན་དམག་ཚོ་གཅིག་ལས་གཅིག་སྙིང་སྟོབས་ཆེ་བ་དང་།ཡིད་ཆེས་ཀྱིས་ཁེངས་པ།འཐབ་སེམས་ཆེ་བ་བཅས་ཡོད་པ་གཟིགས་སྐབས་ཏེང་ཞའོ་ཀང་དགྱེས་ཚོར་ཆེན་པོ་བྱུང་བ་རེད།ཁོང་གིས་མིག་སྔར་རང་ལྗོངས་སུ་དཔལ་འབྱོར་འཕེལ་རྒྱས་དང་།ཞི་མཐུན་བརྟན་ལྷིང་།མི་རིགས་མཐུན་སྒྲིལ།མཐའ་མཚམས་བརྟན་ལྷིང་།དམངས་འཚོ་ལེགས་གཏོང་།ཆོས་ལུགས་འཆམ་མཐུན།མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་ཡག་པོ་ཞིག་མངོན་ཡོད།འོན་ཀྱང་ཕྱི་ཕྱོགས་དགྲ་འཛིན་ཕྱོགས་གཏོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཟིང་སློང་བ་དང་གཏོར་བཤིག་གཏོང་བའི་བྱ་སྤྱོད་སྤེལ་མཚམས་འཇོག་མྱོང་མེད་པས་སིམ་འཛུལ་ལ་ངོ་རྒོལ་དང་།ཁ་ཕྲལ་ལ་ངོ་རྒོལ།མུག་ཟོས་ལ་ངོ་རྒོལ།གཏུམ་སྤྱོད་འཇིགས་སྐུལ་ལ་ངོ་རྒོལ་བཅས་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད་པ་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱིས་མཐོང་བ་བྱེད་དགོས།རྒྱ་ཆེའི་མཐའ་སྲུང་དཔོན་དམག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“ཏང་གི་བཀོད་པར་ཉན་པ་དང་།རྒྱལ་ཁ་ལེན་ཐུབ་པ།སྤྱོད་ཚུལ་ལེགས་པ”བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་བློ་ལ་བརྟན་པོར་ངེས་ཏེ་དགོས་གཏུགས་ལ་ངོ་མི་གནོང་བ་དང་བསམ་པ་རྣམ་དག་གིས་མཐའ་མཚམས་སྲུང་ནས་ས་ཆ་སོར་གང་ཙམ་ཡང་བརྩོན་ལེན་དང་ས་ཆ་སོར་གང་ཙམ་ཡང་གཞན་ལ་མི་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་དགོས།མིག་སྔར་ལྷག་པར་དུ་རང་འགུལ་ངང་དོགས་ཟོན་ནན་པོ་བྱེད་པ་དང་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་སྤྱོད་དང་།ཁྲིམས་དང་མི་མཐུན་པར་རྒྱལ་མཚམས་ནས་འགྲོ་འོང་བྱེད་པ།“འགག་སྒོ་ཨུ་ཚུགས་ཀྱིས་སྒྲོལ་བའི”བྱ་སྤྱོད་བཅས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་གྲུབ་འབྲས་གསར་པ་སླར་ཡང་གཏོད་པ་དང་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས་ཞེས་གསུངས་པ་རེད།

    བཀྲ་ཤིས་སྒང་དགོན་པར་ཏེང་ཞའོ་ཀང་གིས་རྒྱ་ཆེའི་དགེ་འདུན་པ་ཚོར་ཧྲུའུ་ཅི་ཁྲེན་ཆོན་གོས་དེ་གོང་དགོན་པ་དེར་བརྟག་ཞིབ་གནང་སྐབས་བཏོན་པའི་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་།ལག་བསྟར།དོན་འཁྱོལ་བཅས་ནན་ཏན་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་།སྒྲིག་བཀུར་ཁྲིམས་སྲུང་།དགེ་སྒྲུབ་སྡིག་སྤོང་།ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མེས་རྒྱལ་གཅིག་གྱུར་དང་།མི་རིགས་མཐུན་སྒྲིལ།སྤྱི་ཚོགས་ཞི་མཐུན་བཅས་སྲུང་སྐྱོང་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001334322321