གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཆིའུ་ ཡོན་ ཕིང་ གིས་ བོད་ དུ་ བརྟག་ ཞིབ་ གནང་ བ།
2014-06-24        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཁྲེན་ཆོན་གོ་དང་ཝུའུ་དབྱིང་ཅེ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།

     ཟླ་6ཚེས་21དང་22ཉིན་གཉིས་རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཆིའུ་ཡོན་ཕིང་གིས་འཕེལ་རྒྱས་བརྟན་ལྷིང་དང་།  བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས།དེ་བཞིན་ཕྱིར་སྡོད་རང་མིའི་ལས་དོན་བཅས་ཐད་བོད་དུ་བརྟག་ཞིབ་གནང་བ་རེད།

    གཙུག་ལག་ཁང་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཆིའུ་ཡོན་ཕིང་གིས་འགན་འཁུར་བའི་ས་ནས་བདེ་འཇགས་ཞིབ་བཤེར་དང་།  བདེ་འཇགས་སྐོར་གཡེང་།  ཉེན་བརྡ་ཐག་གཅོད།མང་ཚོགས་ལ་ཞབས་ཞུ་སོགས་ཀྱི་བྱ་བ་བསྒྲུབས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཉེན་རྟོག་ས་ཚིགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་མི་རིགས་ཁག་གི་མང་ཚོགས་ལ་གསོ་རླུང་དང་།མྱུར་སྐྱོབ།བློ་འདྲི་སོགས་ཀྱི་དམངས་ཕན་ཞབས་འདེགས་ཞུ་བ་མ་ཟད་ཆུ་ཚོད་24ཡི་རིང་སྐོར་གཡེང་བྱས་ནས་གནས་ཚུལ་ཐོན་རྒྱུ་སྔོན་འགོག་ཚོད་འཛིན་བྱེད་པ་དང་ཐོལ་བྱུང་དོན་རྐྱེན་འཕྲད་ཚེ་སྐར་མ་གཅིག་ནང་ཐག་གཅོད་འོས་འཚམ་བྱེད་ཚུལ་མཁྱེན་རྟོགས་བྱུང་སྐབས་ཆིའུ་ཡོན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ནས་བསྔགས་བརྗོད་གནང་ཞིང་།  ཁོང་གིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བསྐྲུན་པ་དང་དྲ་མིག་ཅན་གྱི་དོ་དམ་བྱེད་པ་ནི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་།  སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་ཐབས་ཤིག་རེད།རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་དོ་དམ་དང་ཞབས་ཞུ་ཟུང་འབྲེལ་ནུས་ལྡན་བྱས་ནས་ཞབས་འདེགས་ཞུ་རིང་དོ་དམ་བྱེད་པ་དང་དོ་དམ་བྱེད་རིང་ཞབས་འདེགས་ཞུས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་བཞུགས་གནས་རྙིང་པའི་བཤམས་སྟོན་ཁང་དུ་ཆིའུ་ཡོན་ཕིང་གིས་འགྲེམས་ཁང་རེ་རེ་བཞིན་ནང་ཕེབས་ནས་འགྲེམས་སྟོན་ལ་གཟིགས་ཞིབ་གང་ལེགས་གནང་བ་མ་ཟད་ལས་དོན་པའི་འགྲེལ་བཤད་ཀྱང་ནན་ཏན་ངང་གསན་པ་རེད།ཁོང་གིས་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་བཞུགས་གནས་རྙིང་པ་ལས་ཀྲུང་དབྱང་སྲིད་གཞུང་སྐབས་རིམ་བྱུང་གིས་བོད་ལ་ནུས་ལྡན་ངང་བདག་དབང་སྤྱོད་པ་དང་ཁོངས་གཏོགས་བདག་སྐྱོང་བྱེད་པའི་ལོ་རྒྱུས་ཇི་མ་ཇི་བཞིན་མངོན་ཡོད་པ་དང་རྩོད་ཐབས་བྲལ་བའི་དོན་དངོས་ཀྱི་ཐོག་ནས་བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད།ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་བཞུགས་གནས་རྙིང་པའི་བཤམས་སྟོན་ཁང་དེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱག་ཡུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཐོག་དེ་མི་ཚང་མར་རྟོགས་སུ་བཅུག་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་རླབས་ཆེན་མེས་རྒྱལ་དང་།ཀྲུང་ཧྭ་མི་རིགས།ཀྲུང་ཧྭའི་རིག་གནས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་ངོས་འཛིན་གཅིག་མཐུན་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཡག་པོ་དང་གོང་འཕེལ་ཡག་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲུང་གོ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་དུ་ཆིའུ་ཡོན་ཕིང་གིས་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་མ་ཟད་ལས་དོན་བསྒྲུབས་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་ཚབ་ཞུས་ནས་གངས་ལྗོངས་ས་མཐོའི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་།ཚང་མས་ཀྲུང་གོའི་གསར་འགྱུར་བའི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་སློབ་སྦྱོང་དང་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ངེས་གནས་སྟངས་འཛིན་ཡང་དག་ཐུབ་པ་བྱེད་པ་དང་།བོད་ཀྱི་ལོ་རྒྱུས་སློབ་སྦྱོང་དང་།བོད་ཀྱི་དོན་དངོས་ཤེས་རྟོགས།གཞི་རིམ་གྱི་གནས་ཚུལ་དངོས་རྒྱུས་མངའ་ལོན་པ་བཅས་བྱ་རྒྱུ་དེ་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྟངས་འཛིན་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས“ཀྲུང་གོའི་ཕུགས་འདུན།བོད་ཀྱི་གཏམ་རྒྱུད”དབྱེ་ཞིབ་ཤེས་རྟོགས་ཡག་པོ་དང་གསལ་འགྲེལ་གསོན་ཉམས་དོད་པོ་བྱས་ཏེ་བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་བོད་འབྲེལ་གླེང་ཕྱོགས་དམག་འཐབ་ཀྱི་རང་རྟོགས་རང་བཞིན་དང་ཐབས་ཇུས་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་དང་ལྷག་པར་དུ་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་དང་དྲང་ནུས་བརྒྱུད་བསྒྲགས་དང་ནུས་པ་ཆེན་པོ་འདོན་སྤེལ་གང་ལེགས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆིའུ་ཡོན་ཕིང་ད་དུང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་ཕེབས་ཏེ“ཕྱིར་སྡོད་རང་མིའི་གཅེས་སེམས་མཚོན་པའི་འདུ་འགོད—དྲོ་སྐྱིད་སྦྱིན་པའི་སྨན་བཅོས་རུ་ཁག”གི་ལས་དོན་སྒྲུབ་ཚུལ་ལ་རྟོག་ཞིབ་དང་མཁྱེན་རྟོགས་གནང་བ་རེད།སྨན་བཅོས་ལས་དོན་པ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་ལས་དོན་སྒྲུབ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་ཆིའུ་ཡོན་ཕིང་གིས་ད་ཐེངས་ཀྱི་མཉམ་ལས་ཐད་འགོ་འཛུགས་པ་མ་གཏོགས་མཇུག་འགྲིལ་མེད་པ་དང་ཅི་ནན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་དེ་རྒྱལ་ནང་གི་སྨན་བཅོས་ལས་རིགས་སུ་སྐད་གྲགས་ཆེ་བ་མ་ཟད་སྔོན་ཐོན་གྱི་སྨན་བཅོས་ཡོ་བྱད་དང་།སྨན་བཅོས་ཤེས་བྱ།ཉམས་མྱོང་བཅས་ཡོད་པས་རིགས་གཅིག་མཁས་ཅན་ཚོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་བརྩེ་སེམས་ཟབ་མོར་བརྟེན་ནས“དྲོ་སྐྱིད་མཚོན་པའི”ལས་དོན་ཡག་པོ་སྒྲུབ་སྟེ་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་གོང་མཐོར་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་བོད་ནས་ཁ་མི་བྲལ་བའི་སྨན་བཅོས་རུ་ཁག་ཅིག་ནམ་ཡང་གནས་པར་བྱ་རྒྱུའི་རེ་བ་ཡོད།སྨན་ཁང་གཉིས་པོས་ཤེས་ལྡན་པ་གསོ་སྐྱོང་དང་རིག་ཚན་གོང་འཕེལ་སོགས་ཐད་ཕྱོགས་ཡོངས་ཀྱི་མཉམ་ལས་བྱས་ནས་གཉིས་ཕན་ཧུར་ཐག་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལྷ་ལྡན་གཙུག་ལག་ཁང་དུ་ཆིའུ་ཡོན་ཕིང་ཕེབས་ཞོར་དུ་གཟིགས་པ་དང་ལས་དོན་ངོ་སྤྲོད་ཞིབ་ཕྲ་གསན་པ་རེད།གཙུག་ལག་ཁང་དུ་ཆོས་ལུགས་ཞི་མཐུན་དང་།བསྟན་དོན་ལམ་ལྷོངས།དགོན་པ་ཞི་མཐུན་བཅས་ཡོད་པ་གཟིགས་སྐབས་ཆིའུ་ཡོན་ཕིང་ཐུགས་ཧ་ཅང་མཉེས་པོ་བྱུང་ཞིང་།ཁོང་གིས་ཁྲིམས་ལྟར་ཆོས་ལུགས་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཀྱི་གོམས་སྲོལ་དང་ཆོས་ལུགས་ཀྱི་བརྩེ་དུང་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་སློབ་གསོ་དང་།དོ་དམ།ཞབས་ཞུ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་གྲྭ་བཙུན་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཏན་ཏིག་ངང་ཚོར་བ་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་རིམ་བྱོན་གྱི“རྒྱལ་གཅེས་ཆོས་གཅེས་དང་།སྒྲིག་བཀུར་ཁྲིམས་སྲུང་།སྡིག་སྤོང་དགེ་སྒྲུབ།ཞི་མཐུན་གོང་བཀུར།ཞི་བདེར་རེ་སྨོན”བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་དབྱེ་སྟེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001334322771