གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
2020ལོར་ བོད་ ལྗོངས་ ཀྱི་ གཞུང་ ལམ་ སྤྱིའི་ རིང་ ཚད་ སྤྱི་ ལེ་ ཁྲི་ 11ཟིན་ རྒྱུ་ ཡིན་ པ།
2014-07-25        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    2020ལོར་སླེབས་སྐབས། བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་11ཟིན་རྒྱུ་དང་། རིམ་པ་གསུམ་པའི་རྒྱལ་ལམ་དང་དེ་ཡན་གྱི་གཞུང་ལམ་བསྡུར་ཚད་བརྒྱ་ཆ་65ཟིན་རྒྱུ རྫོང་ཚང་མར་སྣུམ་ནག་དང་ཨར་འདམ་གཞུང་ལམ་དང་། གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་རྒྱུ  ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོར་ལམ་ངོས་མཁྲེགས་པོ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཉིན་ཤས་གོང་པར་འགྲེམས་བྱས་པའི་《བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ཅེས་པའི་ནང་། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གོང་འཕེལ་གཏོང་རྒྱུ་དེ་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་ཅིང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད། འོན་ཀྱང་རང་བྱུང་ཆ་རྐྱེན་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སོགས་ཀྱི་ཚོད་འཛིན་འོག་བོད་ལྗོངས་འདི་ཉིད་སྔར་བཞིན་ཀྲུང་གོའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བའི་ཞན་ཆ་ཞིག་ཡིན་ཞེས་བཏོན་ཡོད།

    གཞུང་ལམ་ཕུད།  2020ལོར་སླེབས་སྐབས། བོད་ལྗོངས་ཀྱི་ལམ་ཐིག་གཙོ་བོའི་ལྕགས་ལམ་དྲ་བ་ཐོག་མའི་ཆ་ནས་ཆགས་རྒྱུ་དང་ལྕགས་ལམ་འཁོར་སྐྱོད་ལམ་ཚད་སྤྱི་ལེ་1300ཟིན་རྒྱུ ལམ་ཐིག་གཙོ་བོ་དང་ཡན་ལག་ཟུང་དུ་སྦྲེལ་བའི་དམངས་སྤྱོད་གནམ་ཐང་གི་དྲ་བ་ཐོག་མའི་ཆ་ནས་གྲུབ་ནས་དམངས་སྤྱོད་གནམ་ཐང་གིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་700ཟིན་རྒྱུ སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་དང་མྱུར་སྐྱེལ་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་གྲུབ་རྒྱུ སྐྱེལ་འདྲེན་ཞབས་ཞུའི་སྤྱི་ཡོངས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ་དང་། འགྲིམ་འགྲུལ་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ འགྲིམ་འགྲུལ་བདེ་འཇགས་ཀྱི་འཕྲལ་སྡོམ་འགན་ལེན་ནུས་པ་མཐོ་རུ་འགྲོ་རྒྱུ་བཅས་ཡིན།

མཛའ་འབྲེལ་དྲ་བ།
010020070840000000000000011100001335109721