གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ ལྷ་ སའི་ སློབ་ གསོ་ གྲོང་ གིས་ འདི་ ལོའི་ ཟླ་ 9པར་ ཁག་ དང་ པོའི་ སློབ་ མ་ ཁྲི་ ལ་ ཉེ་ བར་ བསུ་ བ་ ཞུ་ རྒྱུ་ ཡིན་ པ།
2014-07-25        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    སྤྱི་ཚེས་25ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ལྷ་སའི་སློབ་གསོའི་གྲོང་གི་དུས་མཚམས་དང་པོའི་ལས་གྲྭ་མིག་སྔར་གྲུབ་ཟིན་པ་དང་། ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པ་དང་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་། ལྷ་སའི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་སོགས་སློབ་གྲྭ་6ཟླ་བ་9པར་དངོས་སུ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་དང་། སྐབས་དེ་དུས་སློབ་མ་ཁྲི་གཅིག་མ་ཟིན་ཙམ་དེར་འཛོམས་ནས་སློབ་དུས་གསར་པ་འགོ་འཛུགས་ཀྱི་ཡོད།

    ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་གྲོང་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དུ་གནས་ཡོད་པ་དང་། བྱང་ངོས་ལྷ་ས་སྐྱིད་ཆུ་དང་འབྲེལ་ཞིང་ལྷོ་ངོས་རྒྱལ་ལམ་318དང་མཐུད་ཡོད་པ་དང་། ས་ཁྱོན་མུའུ་4690ཟིན་ཡོད། 2012ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་དུས་ཡུན་ལོ་གསུམ་སྤྱད་ནས་ལྷ་སའི་སློབ་གསོ་གྲོང་འཛུགས་རྒྱུའི་འཆར་འགོད་བཏིང་ཡོད།

    ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་འཇིགས་མེད་རྣམ་རྒྱལ་གྱིས། མིག་སྔར་ལྷ་སར་མ་གཞི་རྩ་བའི་ཆ་ནས་ཅུང་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་བསྐྲུན་ཡོད་རུང་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་གནས་སྟངས་ད་དུང་དེ་ཙམ་ལུགས་མཐུན་མེད་ཅིང་། སློབ་གྲྭའི་གནས་སྟངས་ཁ་འཐོར་བ་དང་ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་དམའ་བ། སློབ་གཉེར་ཆ་རྐྱེན་ཞན་པ། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་དམའ་བ་སོགས་མངོན་གསལ་ཆེ་བའི་གནད་དོན་ལྡན་ཡོད། སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་སློབ་གྲྭའི་གནས་སྟངས་ལེགས་སུ་གཏོང་བ། སློབ་གསོའི་ཐོན་ཁུངས་ལེགས་སྒྲིག་ཡོང་བ་བཅས་བྱ་ཆེད་2012ལོར་ལྷ་སའི་སློབ་གསོ་གྲོང་གི་འཛུགས་སྐྲུན་རྣམ་གྲངས་སྤེལ་འགོ་བཙུགས་ཡོད་ཅེས་བརྗོད།

    འཇིགས་མེད་རྣམ་རྒྱལ་གྱིས། དུས་ཡུན་ལོ་གཉིས་ལྷག་ཙམ་རིང་འཛུགས་སྐྲུན་བྱས་པ་བརྒྱུད་ལྷ་སའི་སློབ་གསོ་གྲོང་དུ་མིག་སྔར་རྣམ་གྲངས་18ཚུད་ཡོད་པ་དང་། དེའི་ནང་པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གཉིས་ནས་ཁག་སོ་སོར་མ་དངུལ་སྒོར་དུང་ཕྱུར་2བཏང་སྟེ་བསྐྲུན་པའི་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གཉིས་ཀྱིས་ཁག་སོ་སོར་སློབ་འབྲིང་སློབ་མ་3000བསྡུ་རྒྱུ་རེད་ཅེས་བརྗོད།

    ལྷ་ས་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲུང་ཁྲུའུ་གྲེང་གིས། ལྷ་སའི་སློབ་གསོ་གྲོང་གསར་སྐྲུན་བྱས་པ་དེས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སློབ་གྲྭའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་ཐུབ་པ་དང་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་ཐུབ་པ། སློབ་གྲྭ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན། དེང་རབས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་ཐུབ་པ། ལྷ་སའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་ཁྲོད་ཀྱི་སློབ་གསོའི་དངོས་ཡོད་དགོས་མཁོ་བསྐང་ཐུབ་ཀྱི་རེད་ཅེས་བརྗོད།

    གཞན་ཡང་ཤེས་རྟོགས་བྱུང་བར། ཕྱིས་འབྱུང་ལྷ་སའི་སློབ་གསོའི་གྲོང་ནི་སློབ་གསོ་དང་། སྡོད་གནས། སྨན་བཅོས། ཚོང་ལས་སོགས་ཆ་ལག་ཚང་བའི་སྒྲིག་བཀོད་ལྡན་པའི་ནུས་པ་མང་བའི་དེང་རབས་ཅན་གྱི་སློབ་གསོའི་གྲོང་ཁུལ་ཞིག་ཡིན་པ་དང་། སློབ་གསོ་གྲོང་དུ་བཅའ་སྡོད་བྱེད་པའི་ཚན་པ་ཁག་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་པ་དང་བསྟུན་ནས་སྔོན་དཔག་ལྟར་ན་སླད་ཀྱི་ལོ་3ནས་5བར་སློབ་གསོ་གྲོང་ཧྲིལ་པོའི་མི་འབོར་ཁྲི་5ཡན་ཟིན་རེ་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001335109901