གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཀྲུང་ དབྱང་ སྐོར་ ཞིབ་ ཚོགས་ ཆུང་ བཞི་ པས་ བོད་ ཀྱི་ ལས་ དོན་ ལ་ སྐོར་ ཞིབ་ བྱེད་ པའི་ སྐུལ་ སློང་ ཚོགས་ ཆེན་ འཚོགས་ པ།
2014-07-29        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རི་ང།

    ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཉེ་ཆར་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཞི་པ་བོད་དུ་འབྱོར་ནས་སྐོར་ཞིབ་ལས་དོན་སྤེལ་རྒྱུ་ཡིན་པ་རེད། ཚེས་27ཉིན་གྱི་སྔ་དྲོ་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཞི་པས་བོད་ཀྱི་ལས་དོན་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་སྐུལ་སློང་གསུང་བཤད་ཀྱང་གནང་བ་དང་། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ཡེ་ཏུང་སུང་གིས་སྤེལ་ཉེར་ཡོད་པའི་སྐོར་ཞིབ་ལས་དོན་ཐད་གསུང་བཤད་གནང་བ་རེད། ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྐོར་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས་པའི་ཐད་བླང་བྱ་བཏོན་པ་རེད།

    ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཞི་པའི་ཙུའུ་ཀྲང་གཞོན་པ་ཧོ་ཅ་ཐེ་དང་སྐོར་ཞིབ་ཚོགས་ཆུང་གི་ཁོངས་མི་ཡོངས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་ཀྱི་ཏང་ཙུའི་ཁོངས་མི། རང་སྐྱོང་ལྗོངས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བཅས་ཚོགས་འདུར་ཕེབས་པ་དང་། དེ་མིན་ལས་ཐོག་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཐིང་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཆེ་གཞོན་པ་དང་གཞུང་དོན་ཁང་གི་འགན་ཁུར་བ། ལྗོངས་ཏང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། སྐོར་ཞིབ་གཞུང་དོན་ཁང་གི་ཀྲུའུ་རེན། སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    ཡེ་ཏུང་སུང་གིས་སྐོར་ཞིབ་བྱ་རྒྱུ་ནི་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་གལ་ཆེའི་ལས་འགན་ཞིག་དང་། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བའི་གལ་ཆེའི་བྱ་ཐབས་ཤིག ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་བཅས་རེད། ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་སྙན་སེང་ཐེངས་4གསན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ནས་སྐོར་ཞིབ་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་བླང་བྱ་ལག་བསྟར་བྱེད་པ་དང་བློ་མཐུན་ཝང་ཆི་ཧྲན་གྱིས་ཚོགས་འདུ་ཐེངས་མང་གཙོ་སྐྱོང་གནང་ནས་ཞིབ་འཇུག་བཀོད་སྒྲིག་གནང་སྟེ་དུས་བསྟུན་མདུན་སྐྱོད་ངང་སྐོར་ཞིབ་ལས་དོན་ལེགས་སུ་བཏང་ཡོད། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་སྐོར་ཞིབ་ལས་དོན་ལ་ཟིལ་ཤུགས་ནུས་ལྡན་ཞིག་ཆགས་ནས་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད་པས་ཀྲུང་དབྱང་གི་ཁས་ལེན་གང་ལེགས་དང་ལས་བྱེད་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཡོད་ཅེས་གསུངས་པ་རེད།

    ཡེ་ཏུང་སུང་གིས་མིག་སྔའི་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་ཏང་ནན་པོ་སྐྱོང་བའི་ལས་འགན་ཁ་ཚ་དགོས་གཏུགས་ཤིག་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། སྐོར་ཞིབ་ལས་དོན་ཐད་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ལྟེ་བ་དེར་དམིགས་པ་དང་བློ་བརྟན་འགྱུར་མེད་ངང“ཤུགས་རྒྱག་ས་བཞིའི”བྱེད་ཕྱོགས་ལག་བསྟར་བྱས་ཏེ་གནད་དོན་ཤེས་རྟོགས་དང་ཟིལ་ཤུགས་ཆགས་པ་བྱས་ནས་རུལ་སུངས་མཆེད་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།སྐོར་ཞིབ་གྲུབ་འབྲས་ཡག་པོ་སྤྱོད་པ་དང་སྐོར་ཞིབ་དག་ཐེར་གྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་གྱི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་རིགས་དབྱེ་ཐག་གཅོད་བྱེད་པ་དང་། རུལ་སུངས་གནད་དོན་རྒྱ་ཡན་དུ་གཏན་ནས་མི་གཏོང་བར་ག་ཚོད་ཐོན་ཡང་ཐག་གཅོད་དེ་ཙམ་བྱས་ཏེ་ཚང་མ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་འགན་འཁྲི་ནན་ཏན་སྒྲུབ་པ་དང་།འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། དངོས་འཛིན་བཙན་འཐབ་བྱེད་ཕོད་པ།ཏང་སྲོལ་སྲིད་གཙང་ཐད་ཀྱི་གནད་དོན་ཐེར་འདོན་མཐའ་འཁྱོངས་བཅས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་སྐོར་ཞིབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡེ་ཏུང་སུང་གིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྐོར་ཞིབ་ལས་དོན་གྱིས“ཤུགས་རྒྱག་ས་བཞིར”དམིགས་ནས་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་ལྷག་དོན་དུ་འགན་ཁུར་མི་སྣ་གཙོ་བོའི་གཤམ་གསལ་གནད་དོན་ལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་སྟེ། གཅིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བའི་ཐད་འགོ་ཁྲིད་ལས་བྱེད་པར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ལས་འགལ་བའི་གནད་དོན་ཡོད་མེད་དང་། དབང་རྒྱུ་བརྗེ་ཚོང་དང་།དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ།ལྐོག་ཟ་ལྐོག་ལེན། ཁོག་རུལ་ངན་གྱུར་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཡོད་མེད་ཤེས་རྟོགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཡོད་མེད་དང་། འཐེན་སྐུམ་དང་བབ་བསྟུན་བྱས་རིགས་ཀྱི་གནད་དོན་ཡོད་མེད་ཤེས་རྟོགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གསུམ་ནས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཐད་འགོ་ཁྲིད་ལས་བྱེད་པས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་སོགས་དང་འབྲེལ་བའི་གལ་ཆེའི་ཆབ་སྲིད་ཀྱི་གནད་དོན་ཐད་ཡོངས་བསྒྲགས་ངང་ངོ་རྒོལ་བསམ་འཆར་འདོན་པ་དང་། ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལ་མངོན་བརྩི་ལྐོག་འགལ་བྱེད་པ། བསྒོས་ཀྱང་མི་སྒུལ་བ་དང་བཀག་ཀྱང་མི་ཉན་པ་སོགས་ཀྱི་གནད་དོན་ཡོད་མེད་ཤེས་རྟོགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དང་ལས་བྱེད་པ་འདེམས་བསྐོ་བྱེད་པའི་ཐད་བརྒྱ་ཁ་གཅིག་གཅོད་དང་མཐུན་སྒྲིལ་མི་བྱེད་པ་སོགས་ཀྱི་གནད་དོན་དང་དེ་བཞིན་མི་སྣ་འདེམས་སྤྱོད་བྱེད་པའི་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཡོད་མེད་ཤེས་རྟོགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།

    མངོན་གསལ་དོད་པའི་གནད་དོན་དང་ལྷག་དོན་དུ་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ལྐོག་ཟ་ལྐོག་ལེན་མཚམས་འཇོག་མི་བྱེད་པ་དང་། མང་ཚོགས་ཀྱིས་གླེང་མང་བ། མིག་སྔ་གལ་ཆེའི་ལས་གནས་ཐོག་ཡོད་པ་མ་ཟད།ད་དུང་གནས་སྤར་བྱེད་རེ་ཡོད་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་གྱི་ཁུངས་སྣེ་ཐེར་འདོན་མཐའ་འཁྱོངས་བྱས་ཏེ་ཕྱི་ཚུལ་རིང་ལུགས་ལ་བརྟེན་ནས་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། དྲག་རྡུང་གཏོང་མུར་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གནད་དོན། དེ་བཞིན་དཔོན་གནས་ཉོ་ཚོང་དང་ཚུལ་མིན་གནས་སྤར་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཤེས་རྟོགས་དང་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས། དེ་དང་ཆབས་གཅིག་འགོ་ཁྲིད་ལས་བྱེད་པའི་ཕྱོགས་གཞན་ཐད་ཀྱི་གཙོ་གནད་གནད་དོན་དང་རིམ་པ་རྗེས་མའི་འགོ་ཁྲིད་ཚན་ཁག་གི་འགན་ཁུར་མི་སྣ་གཙོ་བོའི་གནད་དོན་གྱི་ཁུངས་སྣེ་གོང་ཞུ་བྱས་པར་སྐོར་ཞིབ་ཚོགས་ཆུང་གིས་ཀྱང་ཤེས་རྟོགས་སྟངས་འཛིན་བྱེད་དགོས་ཞེས་གསུངས་པ་རེད།

   1 2   

མཛའ་འབྲེལ་དྲ་བ།
010020070840000000000000011100001335171111