གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། འོད་ ཟེར་ བོད་ སྐྱོར གྱིས་ བོད་ ཀྱི་ སྐྱ་ གྲིབ་ ཕོག་ པའི་ ནད་ པ་ ཁྲི་ 3ལྷག་ ཙམ་ སླར་ ཡང་ འོད་ ཟེར་ མཐོང་ དུ་ བཅུག་ པ།
2014-08-19        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ནས་གནས་ཚུལ་ཤེས་རྟོགས་བྱུང་གསལ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་སོགས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག ལོ་ངོ་20ཡི་རིང་བོད་ཀྱི་སྐྱ་གྲིབ་ཕོག་པའི་ནད་པ་ཁྲི་3ལྷག་ཙམ་ལ་རིན་པ་མི་དགོས་པར་གཤགས་བཅོས་བྱས་ནས་འོད་ཟེར་ལྡན་པའི་འཇིག་རྟེན་ཐོག་ལོག་ཐུབ་པ་བྱུང་། སྐྱ་གྲིབ་ཕོག་པའི་ནད་པ་དེ་རྣམས་ནི་བོད་ལྗོངས་སུ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་པས་གཤགས་བཅོས་བྱས་པ་དང་ད་དུང་འགའ་ཤས་ནི་མེ་འཁོར་བསྡད་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་བཅོས་ཚན་པར་གཤགས་བཅོས་དང་ལེན་བྱེད་པར་བསྐྱོད་པ་རེད།

  ད་ལོའི་ཟླ་བ་6པར། “ཀྲེ་ཅང་བོད་སྐྱོར་དང་འོད་ཟེར་བྱ་སྤྱོད།——ནག་ཆུ་ས་ཁུལ་སྐྱ་གྲིབ་ཕོག་པའི་མི་བརྒྱ་ལ་མིག་ཤེད་སླར་གསོ་ཐུབ་པའི་གཤགས་བཅོས་བྱེད་པའི་”བྱེད་སྒོ་སྤེལ་རྗེས། ཀྲེ་ཅང་བོད་སྐྱོར་བཀོད་འདོམས་པུའུ་ཡིས་མ་དངུལ་སྒོར་ཁྲི་10ཞལ་འདེབས་བརྒྱབ་ནས་ནག་ཆུ་ས་ཁུལ་གྱི་སྐྱ་གྲིབ་ཕོག་པའི་མི་100ཡི་གཤགས་བཅོས་རིན་པ་མང་ཆེ་བ་སྤྲོད་རོགས་བྱས་པ་རེད།

  ཀོང་ཏུང་ཞིང་ཆེན་ཧྲེན་ཐའོ་གྲོང་ཁྱེར་འཕྲོད་བསྟེན་ཅུས་དང་བོད་ལྗོངས་ཉིང་ཁྲི་ས་ཁུལ་འཕྲོད་བསྟེན་ཅུས་ཀྱིས་འདི་ལོའི་ཟླ་བ་7པར་སྤེལ་བའི “གངས་ལྗོངས་ལ་བརྩེ་བ་བཅངས་ནས་མཉམ་དུ་འོད་ཟེར་ཁྱབ་པ་བྱེད”ཅེས་པའི་མིག་ཤེད་སླར་གསོའི་གཤགས་བཅོས་བྱེད་སྒོར་ཡང་བོད་ཀྱི་སྐྱ་གྲིབ་ཕོག་པའི་ནད་པ་100འོད་ཟེར་སླར་ཡང་མཐོང་དུ་བཅུག་པ་རེད།

    གཞན་ཡང་། བོད་ཀྱི་ཐེབས་རྩ་ལྷན་ཚོགས་ཀྱི “འོད་ཟེར་ལས་གྲྭ——འོད་ཟེར་སླར་མཐོང་བྱེད་སྒོ”ཡིས་གསར་བཙུགས་བྱས་པའི་ལྷ་སའི་འོད་ཟེར་མིག་ནད་ཚན་ཁག་དྲག་སྐྱེས་སྨན་བཅོས་ཁང་ལ་བོད་སྐྱོར་རྣམ་གྲངས་ཀྱི་རོགས་སྐྱོར་མང་པོ་ཐོབ་པ་དང་ཆེད་མངགས་ལུང་ཁུག་དང་དབུལ་པོའི་ས་ཁུལ་དུ་འཚོ་བ་སྐྱེལ་མཁན་སྐྱ་གྲིབ་ཕོག་པའི་ནད་པར་རིན་པ་མི་དགོས་པར་སྐྱ་གྲིབ་སེལ་བ་དང་གཤགས་བཅོས་བྱེད་ཀྱི་ཡོད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001335683891