གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། པཎ་ ཆེན་ ཨེར་ ཏེ་ ནི་ ཆོས་ ཀྱི་ རྒྱལ་ པོས་ མངའ་ རིས་ སུ་ ཆོས་ ཕྱོགས་ དང་ སྤྱི་ ཚོགས་ ཀྱི་ མཛད་ སྒོ་ ཕུན་ སུམ་ ཚོགས་ པོ་ སྤེལ་ བ།
2014-08-20        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    པཎ་ཆེན་རིན་པོ་ཆེར་སེར་སྐྱ་དད་ལྡན་མང་ཚོགས་ཀྱི་དད་མོས་དང་གུས་བཀུར་ཆེན་པོ་ཐོབ་པ།

    ཟླ་8ཚེས་13ནས་ཚེས་17ཉིན་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་མངའ་རིས་ས་ཁུལ་གྱི་སྟོད་གངས་རིན་པོ་ཆེར་གནས་སྐོར་དང་།  མ་ཕམ་གཡུ་མཚོར་ཁྲུས་གསོལ་རབ་གནས།  འཁོར་ཆགས་དགོན་སོགས་དགོན་སྡེར་གནས་མཇལ།  འབྲོག་ཁུལ་མང་ཚོགས་ཁྱིམ་དུ་འཚམས་འདྲི། ཁུང་ཕན་སེན་བང་སོར་དུར་མཆོད་བཅས་གནང་ཞིང་།  པཎ་ཆེན་རིན་པོ་ཆེ་གང་དུ་ཕེབས་ཀྱང་མངའ་རིས་ས་ཁུལ་གྱི་སེར་སྐྱ་དད་ལྡན་མང་ཚོགས་ཚོའི་དད་མོས་དང་གུས་བཀུར་ཆེན་པོ་ཐོབ།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་།  ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ།  ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བློ་བཟང་འཇིགས་མེད་བཅས་ཀྱིས་པཎ་ཆེན་རིན་པོ་ཆེས་མངའ་རིས་སུ་མཛད་སྒོ་ཁག་སྤེལ་བར་ཕེབས་རོགས་ཞུས་པ་རེད།

    འདི་ལོ་ནི་རྟ་ལོ་ཡིན་པ་དང་ཤོད་རྒྱུན་དུ་སྟོན་པ་ཤཱཀྱ་མུ་ནེ་སྐུ་བལྟམས་པ་དང་སངས་རྒྱས་པའི་ལོ་ཡིན་ལ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་དགུང་སྐེག་ཀྱང་ཡིན་པས་འདི་ལོ་པཎ་ཆེན་རིན་པོ་ཆེ་སྟོད་མངའ་རིས་སུ་གངས་རིན་པོ་ཆེར་གནས་སྐོར་ལ་ཕེབས་པར་དམིགས་བསལ་གྱི་་དོན་སྙིང་ལྡན་ཡོད།ཟླ་8ཚེས་14ཉིན་གྱི་སྔ་དྲོ་པཎ་ཆེན་རིན་པོ་ཆེ་གངས་རིན་པོ་ཆེར་ཕེབས་ནས་ཆོས་ལུགས་ཀྱི་ཆོ་ག་ལྟར་གནས་རིར་མཆོད་འབུལ་གནང་།  པཎ་ཆེན་རིན་པོ་ཆེ་གནས་རིའི་ལ་གཤམ་གྱི་གསེར་གཞོང་དུ་ཕེབས་སྐབས་སེར་སྦྲེང་རུ་ཁག་གི་དགེ་འདུན་པས་ལག་ཏུ་ཆོས་རྫས་དང་།  བདུག་སྤོས།  མཇལ་དར་བཅས་ཁྱེར་ནས་བོད་བརྒྱུད་ནང་བསྟན་གྱི་མཛད་སྒོ་གཟབ་རྒྱས་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་པ་དང་དེ་གར་དུང་དང་རྒྱ་གླིང་གི་སྒྲས་ཁེངས།གྲྭ་དམངས་ཀྱི་ཞལ་འདོན་སྒྲའི་ཁྲོད་དུ་བསྒམ་བརླིང་དང་ཐུགས་རིག་བཀྲ་བའི་པཎ་ཆེན་རིན་པོ་ཆེས་སྐུ་ལ་ན་བཟའ་གསར་རྐྱང་བཞེས་ཏེ་བསང་ཁུང་་མདུན་དུ་ཕེབས་ནས་གནས་རིར་ཞལ་ཕྱོགས་པ་དང་འབྲེལ་འབྲུ་རིགས་སྣ་ལྔ་དང་དར་ཚོན་སྣ་ལྔ་སོགས་རིམ་བཞིན་བསང་ཁུང་ནང་ཕུལ།དེ་རྗེས་པཎ་ཆེན་རིན་པོ་ཆེས་བསང་ཁུང་གཞོགས་སུ་ཡོད་པའི་བཞུགས་ཁྲིའི་སྟེང་དུ་བཞུགས་ཏེ་དྲིལ་བུ་དཀྲོལ་ནས་གྲྭ་དམངས་དང་ལྷན་དུ་ཞལ་འདོན་གནང་སྟེ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་།མི་རིགས་མཐུན་སྒྲིལ།རྒྱལ་སྲིད་དར་ཞིང་འགྲོ་ཀུན་བདེ་བ།འཛམ་གླིང་ཞི་བདེ།འགྲོ་བ་རིགས་དྲུག་སྡུག་བསྔལ་ལས་སྒྲོལ་བ་བཅས་ཀྱི་ཐུགས་སྨོན་གནང་།ཞལ་འདོན་མཇུག་འགྲིལ་རྗེས་པཎ་ཆེན་རིན་པོ་ཆེས་བཞུགས་ཁྲི་ནས་བབས་གནང་སྟེ་སླར་ཡང་བསང་རའི་མདུན་དུ་ཕེབས་ཏེ་ཞལ་འདོན་གནང་བ་དང་ཆབས་ཅིག་དེ་གར་ཡོད་པའི་དད་ལྡན་སེར་སྐྱ་མང་ཚོགས་བརྒྱ་ལྷག་ཙམ་དང་ལྷན་དུ“ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ”ཞེས་ལྷ་རྒྱལ་འཐེན།

    པཎ་ཆེན་རིན་པོ་ཆེས་གནས་རི་བསྐོར་རིང་དེ་གར་རི་སྐོར་རྒྱག་བཞིན་པའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་གྲལ་སྟར་རིང་པོ་བསྒྲིགས་པ་དང་ལག་ཏུ་མཇལ་དར་འཁྱེར་ཏེ་རིན་པོ་ཆེས་རང་ཉིད་ལ་ཕྱག་དབང་གནང་རྒྱུ་སྒུགཔཎ་ཆེན་རིན་པོ་ཆེས་འཛུམ་དམུལ་དམུལ་ངང་དད་ལྡན་མང་ཚོགས་ལ་ཕྱག་དབང་དང་ལྗགས་མདུད།སྐུ་པར་བཅས་གནང་ནས་ཁོ་ཚོའི་བསམ་འདུན་བསྐངས།པཎ་ཆེན་རིན་པོ་ཆེའི་ཕྱག་དབང་ཐོབ་རྗེས་དད་ལྡན་མང་ཚོགས་མང་པོ་ཞིག་གིས་སྔར་བཞིན་ཐལ་མོ་སྦྱར་ནས་སྨོན་ལམ་ཡང་ཡང་འདེབས།

    བོད་ཀྱི་གནས་མཚོ་ཆེན་པོ་གསུམ་གྱི་ཡ་གྱལ་དང་གངས་རིན་པོ་ཆེའི་འགྲམ་དུ་ཡོད་པའི་མ་ཕམ་གཡུ་མཚོ་སྔོ་ཞིང་དྭངས་པ་ཞིག་ཡོད།ཟླ་8ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་པཎ་ཆེན་རིན་པོ་ཆེས་མ་ཕམ་གཡུ་མཚོའི་ནུབ་ངོས་སུ་ཕེབས་ཏེ་མཚོ་སྐོར་དང་ཁྲུས་གསོལ་རབ་གནས་གནང་འགོ་བཙུགས།གནས་མཚོའི་ལྷོ་ངོས་ཀྱི་ཁྲུས་སྒོ་དགོན་དུ་ཕེབས་སྐབས་བློ་བཟང་བསམ་བསྟན་སོགས་བླ་མ་སྐྱེས་ཆེན་གྱི་སྤོས་སྣེའི་འོག་པཎ་ཆེན་རིན་པོ་ཆེས་མ་ཕམ་གཡུ་མཚོའི་འགྲམ་དུ་གནས་སྐབས་བཞུགས་ཁྲིའི་ཐོག་བཞུགས་ནས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ལྟར་ཁྲུས་གསོལ་རབ་གནས་གནང་།གྲྭ་དམངས་ཀྱི་ཞལ་འདོན་སྒྲའི་ཁྲོད་དུ་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེར་ཞལ་ཕྱོགས་ཏེ་དར་ཚོན་སྣ་ལྔ་དང་།མཇལ་དར།འབྲུ་རིགས་སྣ་ལྔ་སོགས་མཚོའི་ནང་བཏབ་སྟེ་རྒྱལ་སྲིད་དར་ཞིང་འགྲོ་ཀུན་བདེ་བ་དང་།ཆར་ཆུ་དུས་སུ་བབས་པ།ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་ཀྱི་ཐུགས་སྨོན་གནང་།ཁྲུས་གསོལ་གནང་མཇུག་འགྲིལ་རྗེས་པཎ་ཆེན་རིན་པོ་ཆེས་མུ་མཐུད་མཚོ་སྐོར་དུ་ཕེབས།

    གནས་རི་གནས་མཚོ་བསྐོར་རིང་པཎ་ཆེན་རིན་པོ་ཆེས་སྔ་རྗེས་སུ་ཆོས་སྐུ་དགོན་དང་།བྱིའུ་དགོན།སེ་བ་ལུང་དགོན།ཁྲུས་སྒོ་དགོན།འགོ་ཚུགས་དགོན་བཅས་སུ་གནས་མཇལ་དུ་ཕེབས་ནས་ལྷ་ཁང་གཙོ་བོར་གནས་མཇལ་དང་གྲྭ་དམངས་ལ་ཕྱག་དབང་གནང་།ཟླ་8ཚེས་16ཉིན་གྱི་སྔ་དྲོ་པཎ་ཆེན་རིན་པོ་ཆེས་མངའ་རིས་ས་ཁུལ་གྱི་གྲགས་ཅན་དགོན་སྡེ་འཁོར་ཆགས་གཙུག་ལག་ཁང་དུ་ཕེབས་ནས་ལྷ་ཁང་ཁག་ལ་གནས་མཇལ་དང་དད་ལྡན་སེར་སྐྱ་མང་ཚོགས་ཆིག་སྟོང་ཙམ་ལ་ཕྱག་དབང་དང་བཀའ་ཆོས་ཀྱང་གནང་།

    པཎ་ཆེན་རིན་པོ་ཆེས་མངའ་རིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཆེན་པོ་གནང་བ་དང་།ཟླ་8ཚེས་13ཉིན་གྱི་ཉིན་དགུང་པཎ་ཆེན་རིན་པོ་ཆེས་སྒར་རྫོང་མོན་འཚེར་ཤང་མོན་འཚེར་གྲོང་ཚོའི་ཡེ་ཤེས་ཁྱིམ་དུ་ཕེབས་ཏེ་ཁོང་ཁྱིམ་གྱི་མཆོད་ཁང་དུ་ཞལ་འདོན་གནང་བ་དང་དེ་རྗེས་གུ་ཡངས་བའི་མགྲོན་བསུ་ཁང་དུ་ཡེ་ཤེས་ཀྱི་ནང་མི་དང་མཉམ་དུ་བཞུགས་ནས་བྱམས་བརྩེའི་བཀའ་མོལ་གནང་།ཡེ་ཤེས་ཁྱིམ་དུ་ནང་མི་8ཡོད་པ་དང་།གཙོ་བོ་ནི་སྐྱེལ་འདྲེན་དང་ཡུལ་སྐོར་ལ་བརྟེན་པ།ལོའི་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཡོད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྗེས་པཎ་ཆེན་རིན་པོ་ཆེས“ངེས་པར་དུ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བློ་ལ་བརྟན་པོར་ངེས་པ་དང་།དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་བཟང་པོ་ཡག་པོ་སྤྱད་ནས་དྲིན་ཚོར་དྲིན་གསོ་དང་རང་ཉིད་ཕྱུག་པོ་ཆགས་རྗེས་གྲོང་མིར་ཁྲིད་སྟོན་བྱས་ནས་མཉམ་དུ་ཕྱུག་པོ་ཆགས་པ་བྱེད་དགོས”ཞེས་གསུངས།ད་དུང་ཡེ་ཤེས་ནང་མིའི་རེ་བ་ལྟར་པཎ་ཆེན་རིན་པོ་ཆེས་ཁོང་གི་ཁྱིམ་དུ་བཙས་ནས་ཉིན་13ལས་སོང་མེད་པའི་བུ་ལ“དཀོན་མཆོག་རྒྱལ་མཚན”ཞེས་མིང་གནང་།དེ་རྗེས་པཎ་ཆེན་རིན་པོ་ཆེས་ད་དུང་མོན་འཚེར་གྲོང་ཚོའི་གྲོང་མི་ངག་དབང་རྡོ་རྗེའི་ཁྱིམ་དུ་གཟིགས་པར་ཕེབས།

    ཟླ་8ཚེས་17ཉིན་གྱི་ཞོགས་པ་པཎ་ཆེན་རིན་པོ་ཆེས་མངའ་རིས་ས་ཁུལ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཁུང་ཕན་སེན་གྱི་བང་སོར་དུར་མཆོད་གནང་བར་ཕེབས་པ་དང་།ཁུང་ཕན་སེན་གྱི་བང་སོའི་མདུན་དུ་པཎ་ཆེན་རིན་པོ་ཆེས་བཞེངས་བཞུགས་པ་དང་ངག་བསྡམས་ནས་མྱ་ངན་ཞུས་པ་དང་མཇལ་དར་ཡང་བསྒྲོན།དེ་རྗེས་གནམ་གྲུར་བཞུགས་ཏེ་མངའ་རིས་ས་ཁུལ་ནས་ཞལ་གྱེས།

མཛའ་འབྲེལ་དྲ་བ།
010020070840000000000000011100001335698851