གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ཀྱིས་ བོད་ སྨན་ གྱི་ སྨན་ རྒྱུ་ སྔོག་ འཐུ་ དང་ སྲུང་ སྐྱོབ་ ལམ་ སྲོལ་ འཚོལ་ ཞིབ་ བྱས་ ནས་ བཙུགས་ པ།
2014-08-21        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཚེས་19ཉིན་གྱི་ཕྱི་དྲོ་བོད་སྨན་གྱི་སྨན་རྒྱུ་སྔོག་འཐུ་དང་སྲུང་སྐྱོང་ལམ་སྲོལ་གྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་བོད་སྨན་གྱི་སྨན་རྒྱུ་སྔོག་འཐུ་དང་སྲུང་སྐྱོབ་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་བོད་སྨན་གྱི་སྨན་རྒྱུ་ནི་རང་བྱུང་ཐོན་ཁུངས་གལ་ཆེན་ཞིག་ཡིན་པས་དེར་དཔལ་འབྱོར་གྱི་རིན་ཐང་དང་། དམངས་འཚོའི་རིན་ཐང་། རིག་གནས་རྒྱུན་འཛིན་གྱི་རིན་ཐང་། སྣོད་བཅུད་རིན་ཐང་བཅས་གལ་ཆེན་ལྡན་པ་དང་། གོ་ལ་ཧྲིལ་པོར་དམིགས་བསལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད་ཅེས་གསུངས་པ་རེད།

    ཚོགས་འདུའི་ཐོག་བོད་ལྗོངས་ཀྱི་བོད་སྨན་གྱི་སྨན་རྒྱུ་མཁོ་ཚད་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་། བོད་སྨན་གྱི་སྨན་རྒྱུའི་ཁྲོམ་ར་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་བ། བོད་སྨན་གྱི་སྨན་རྒྱུའི་ཐོན་ཁུངས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ཕན་ནུས་ལྡན་པའི་སྲུང་སྐྱོབ་ལམ་སྲོལ་འཛུགས་དགོས། བོད་སྨན་གྱི་སྨན་རྒྱུ་སྲུང་སྐྱོབ་བྱ་རྒྱུ་དེ་ནི་རྨང་གཞིའི་འདུ་འགོད་དང་། ཕུགས་ཀྱི་འདུ་འགོད། ལེ་ལག་ཚང་བའི་འདུ་འགོད་བཅས་ཡིན་པས་ཡུན་རིང་འཆར་འགོད་དང་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་དེའི་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་ཁག་ལ་བོད་སྨན་གྱི་སྨན་རྒྱུ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་བོད་ལྗོངས་ཀྱི་བོད་སྨན་གྱི་སྨན་རྒྱུ་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་བསམ་འཆར་གང་མགྱོགས་ཞིབ་འཇུག་བྱས་ནས་བཏོན་ཁར། བོད་ལྗོངས་ཀྱི་བོད་སྨན་གྱི་སྨན་རྒྱུ་སྲུང་སྐྱོབ་དང་དོ་དམ་བྱ་ཐབས་བཟོས་ནས་མཉམ་འབྲེལ་ཁྲིམས་འཛིན་དང་། རིགས་དབྱེའི་དོ་དམ། འགུལ་ཚུལ་ལྟ་ཞིབ་ཚད་ལེན་བཅས་ཀྱི་སྲུང་སྐྱོབ་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།   

མཛའ་འབྲེལ་དྲ་བ།
010020070840000000000000011100001335727161