གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ དུ་ རིམ་ རྩིས་ བྱས་ ན་ བོད་ བརྒྱུད་ ནང་ བསྟན་ གྱི་ སྤྲུལ་ སྐུ་ 358ངོས་ འཛིན་ གཏན་ འཁེལ་ བྱས་ པ།
2014-08-22        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    “བོད་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གཏན་འཁེལ་བྱེད་པའི་ལས་དོན་གྱི་འཕེལ་རིམ་བདེ་བླག་ཡིན་པ་དང་མིག་སྔར་བོད་ཀྱི་སྤྲུལ་སྐུའི་གྲངས་ཚད་358ཟིན་ཡོད། འདི་ལོ་སྤྲུལ་སྐུ་9ཡི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་ཞུ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འཕྲིན་ལས་རྡོ་རྗེས་ཉེ་ཆར་གསར་འགོད་པར་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་ནང་བོད་དུ་སྤྲུལ་སྐུ་གསར་པ་40ལྷག་ཙམ་ལོ་རྒྱུས་ཀྱི་གཏན་སྲོལ་དང་ཆོས་ལུགས་ཀྱི་མཛད་སྒོར་གཞིགས་ནས་ངོས་འཛིན་བྱས་པ་དང་། འདས་པའི་ལོ་ལྔའི་ནང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་དོ་དམ་བྱ་ཐབས》དང་རང་སྐྱོང་ལྗོངས་ཀྱི 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་གསར་པའི་གསོ་སྦྱོང་སློབ་གསོ་དང་དོ་དམ་ལས་དོན་ལེགས་པོ་བསྒྲུབ་དགོས་པའི་སྐོར་གྱི་བསམ་འཆར》ལ་གཞིགས་ནས། འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་བྱ་དོན་ཚན་པར་གཞོགས་འདེགས་ཀྱིས་བདེ་བླག་ངང་ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་བསྒྲུབས་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001335757951