གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། དམངས་ འཚོ་ འགན་ སྲུང་ བྱུང་ བས་ མང་ ཚོགས་ ཀྱི་ བདེ་ སྐྱིད་ ཚད་ གཞི་ མཐོ་ རུ་ ཕྱིན་ པ།
2014-09-02        གསར་འགྱུར་འབྱུང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་བའི་ལོ་ཤས་ནང་བོད་ལྗོངས་ཀྱིས་དམངས་ཕན་གྱི་བྱ་ཐབས་ཟམ་མི་ཆད་པར་བཟུང་སྟབས། ཉིན་རེ་བཞིན་འཐུས་སྒོ་ཇེ་ཚང་དུ་འགྲོ་བའི་སྤྱི་ཚོགས་འགན་སྲུང་གིས་མི་རིགས་ཁག་གི་མང་ཚོགས་ས་ཡ་གསུམ་ལྷག་ཙམ་གྱི་བདེ་སྐྱིད་ཀྱི་ཚད་གཞི་ཉིན་རེ་ལས་མ་འདས་པར་མཐོ་རུ་འགྲོ་བཞིན་ཡོད།

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་བུ་མོ་པ་སངས་སྒྲོལ་དཀར་མི་རིང་བའི་གོང་དངོས་སུ་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བར་བསྒྱུར་ཡོད་པ་རེད།

    ད་ཆ་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཇེ་མང་དུ་འགྲོ་ཡི་ཡོད་མོད། འོན་ཀྱང་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་གསོ་སྦྱོང་བྱེད་པའི་གླ་རིན་སྒོར་5000ལྷག་ཙམ་དགོས་ཀྱི་ཡོད་ཅིང་། དངུལ་འབོར་དེ་གཞོན་ནུ་མང་པོ་ཞིག་གི་ངོས་ནས་བཤད་ན། གྲངས་ཚད་ཉུང་ཉུང་ཞིག་མ་ཡིན། པ་སངས་སྒྲོལ་དཀར་ལྟ་བུའི་གཞོན་ནུ་རྣམས་ལ་ལག་ཤེས་སྣེ་གཅིག་ཤེས་ཐུབ་པ་བྱེད་ཆེད། འདི་ལོ་ཤར་བ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་རིགས་མི་འདྲ་བའི་གླ་རིན་མི་དགོས་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ། སྤྱི་སྤྱོད་རླངས་འཁོར་དང་ས་འདྲུ་འཕྲུལ་འཁོར་སོགས་ཚུད་པའི་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་པའི་ངལ་རྩོལ་འཇོན་ནུས་བསླབས་ཡོད་པ་རེད།

    ཉེ་བའི་ལོ་གཉིས་ནང་། བོད་ལྗོངས་ཀྱིས་ལོ་ལྟར་གྲོང་ཁྱེར་དང་གྲོང་གསེབ། ཤང་བཅས་ཀྱི་གྲོང་མིར་རིན་པ་མི་དགོས་པར་གཟུགས་གཞི་བརྟག་དཔྱད་བྱེད་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་ཡང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བོད་ལྗོངས་ཀྱི་ཐག་རིང་ས་ཁུལ་གྱི་ཤང་དང་གྲོང་རྡལ་618ཀྱི་འཕྲོད་བསྟེན་ཁང་ལ་ད་དུང་འཁོར་སྐྱོད་ཞབས་ཞུའི་རླངས་འཁོར་བཀོད་སྒྲིག་བྱས་ཡོད་པ་རེད།

    ཉེ་བའི་ལོ་གསུམ་ནང་། བོད་ལྗོངས་ཀྱི་ནོར་སྲིད་འགྲོ་གྲོན་གྱི་བརྒྱ་ཆ་70ཡན་དམངས་འཚོའི་ཐད་བེད་སྤྱོད་བྱས་ཤིང་། ལྗོངས་ཡོངས་སུ་ཆུ་དང་གློག གཞུང་ལམ། འཕྲིན་གཏོང་། རླུང་འཕྲིན་བརྙན་འཕྲིན་སོགས་རྣམ་གྲངས་བརྒྱད་གྲོང་གསེབ་ལ་ཁྱབ་པ་བྱས་སྟབས། ས་མཐོའི་མང་ཚོགས་ཀྱི་བདེ་སྐྱིད་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001336136221