གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། འདི་ ལོ་ ནས་ བཟུང་ བོད་ ཀྱིས་ ཞིང་ འབྲོག་ ཁུལ་ གྱི་ སློབ་ མའི འགན་ ལེན་ གསུམ གྱི་ ཚད་ གཞི་ གསར་ པ་ ལག་ བསྟར་ བྱེད་ པ།
2014-09-02        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་1ཉིན། བོད་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཁག་གིས་སློབ་ཕྲུག་ཚོར“འགན་ལེན་གསུམ”གྱི་ཚད་གཞི་གསར་པ་ལག་བསྟར་བྱེད་པ་དང་། འདི་ནི་བོད་ཀྱིས་ལོ་ངོ་30མ་ཟིན་ཙམ་གྱི་ནང “འགན་ལེན་གསུམ”གྱི་ཚད་གཞི་མཐོ་རུ་གཏོང་ཐེངས་14ཡིན་པ་དང་དེས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི་52ལ་ཕན་པ་ཐོབ་ཡོད།

    བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་མྰ་ཧྲེན་ཁྲང་གིས་ངོ་སྤྲོད་བྱས་པར། 2014ལོའི་སྟོན་དུས་ཀྱི་སློབ་དུས་འགོ་ཚུགས་པ་ནས་བཟུང་། བོད་ཀྱི“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་དེ་རིགས་གཉིས་པའི་ས་ཁུལ་གི་སློབ་མ་རེར་སློབ་དུས་རེར་སྒོར་2800སྤྲོད་པ་དང་། རིགས་གསུམ་པའི་ས་ཁུལ་གྱི་སློབ་མ་རེར་སློབ་རེར་སྒོར་2900སྤྲོད་པ། རིགས་བཞི་པའི་ས་ཁུལ་དང་མཐའ་མཚམས་རྫོང་གི་སློབ་མ་རེར་སློབ་དུས་རེར་སྒོར་3000སྤྲོད་པ་བཅས་ཟིན་གྱི་ཡོད། དེའི་ཁྲོད་བརྒྱ་ཆ་90ཡི་མ་དངུལ་ནི་སློབ་མའི་བཟའ་བཅའི་ཐོག་སྤྱོད་ཀྱི་ཡོད།

    1985ལོ་ནས་བཟུང་། བོད་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཁག་ལ“འགན་ལེན་གསུམ”དང་སློབ་དངུལ་རོགས་སྐྱོར་ལམ་ལུགས་ལག་བསྟར་བྱས་པ་དང་། མིག་སྔར་འོས་འགན་སློབ་གསོའི “འགན་ལེན་གསུམ”གྱི་སྲིད་ཇུས་ལོ་15བར་སྣུར་སྲིང་བྱས་པས་སློབ་ལོ་མ་ལོན་གོང་གི་ལོ་གསུམ་གྱི་བྱིས་པའི་སློབ་གསོ་ནས་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་དུས་རིམ་བར་གྱི་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཡོངས་ལ་ཁྱབ་ཡོད།       

    “འགན་ལེན་གསུམ”ནང་གི་ཉིན་གཅིག་གི་ལྟོ་དུས་གསུམ་པོ་ཕུད། བོད་ཀྱིས་2012ལོའི་དཔྱིད་དུས་ཀྱི་སློབ་དུས་ནས་འགོ་ཚུགས་ཏེ། ལྗོངས་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། ཆུས་74ཡི་ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭ་ཚང་མར་ཁྱོན་ཡོངས་ནས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་བྱེད་པའི་འཆར་འགོད་ལས་དོན་སྤེལ་བ་རེད།

     མྰ་ཧྲེན་ཁྲང་གིས།བོད་ཀྱིས་མི་ཚང་མར་སློབ་གསོ་འདྲ་མཉམ་མྱོང་ཐུབ་པར་འགན་ལེན་བྱེད་པ་དེ་རྩ་བར་འཛིན་ནས་སློབ་གསོ་དྲང་གཞག་ཡོང་བ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་དང་ལུགས་མཐུན་གྱི་སྒོ་ནས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱེད་པ། དུས་མཚུངས་ལོ་15ཡི་རིན་མེད་སློབ་གསོ་དང“འགན་ལེན་གསུམ”གྱི་སྲིད་ཇུས་མུ་མཐུད་ལེགས་བཅོས་བྱས་ཏེ།ཞིང་འབྲོག་ཁུལ་གྱི་སློབ་མ་ཚང་མས་དྲང་གཞག་དང་ལུགས་མཐུན་ངང་སློབ་གསོ་ཐོན་ཁུངས་མྱོང་རོལ་ཐུབ་པ་བྱ་རྒྱུ་རེད་ཅེས་བཤད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001336141701