གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཆུ་ བེད་ བོད་ སྐྱོར་ བྱས་ པའི་ ལོ་ 20ཡི་ རིང་ མ་ དངུལ་ སྒོར་ དུང་ ཕྱུར་ 300བཏང་ བ།
2014-09-03        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཆུ་བེད་པུས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་20ཡི་རིང་རིམ་རྩིས་བྱས་ན་བོད་ལ་ཆུ་བེད་རྣམ་གྲངས་1000ལྷག་ཙམ་བཀོད་སྒྲིག་མཐུན་སྦྱོར་བྱས་པ་མ་ཟད། ད་དུང་མ་དངུལ་སྒོར་དུང་ཕྱུར་300ཙམ་བཏང་ནས་བོད་ཀྱི་ཆུ་བེད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱ་ཕྱིར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། ཆུ་བེད་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་བྱས་པ་དང་སྦྲགས་བོད་ཀྱི་ཆུ་བེད་སྒྲིག་བཀོད་ཀྱི་རྨང་གཞི་རྗེས་ལུས་ཡིན་པའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཆུ་མཁོ་འདོན་དང་། ཆུ་འདྲེན་གཏོང་། ཆུ་ལོག་སྔོན་འགོག་སོགས་ཀྱི་འཐུས་སྒོ་ཚང་བའི་ཆུ་བེད་ནུས་པའི་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད།

    ཆུ་བེད་བོད་སྐྱོར་བྱེད་རིང་རྣམ་གྲངས་སྔོན་ལ་ལག་བསྟར་བྱས་ཤིང་། “རྣམ་གྲངས་མང་དག་ཐོག་ཏུ་ཆེད་དམིགས་རྣམ་གྲངས་སྣོན་པའི”རྩ་དོན་གཞིར་བཟུང་ཆུ་བེད་པུས་བོད་ཀྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འདི་ཉིད་གཙོ་བོར་འཛིན་ཏེ་གཟིགས་སྐྱོང་བྱས་ནས་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། མ་འཇོག་གཞི་ཁྱོན་དེ“ལོ་ལྔ་ཚན་བཅུ་པའི”དུས་འགོར་ལོ་རེར་སྒོར་དུང་ཕྱུར་3བཏང་བ་ནས་ད་ལྟ་ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར་45བར་མང་དུ་སོང་བ།མ་ནག་ཆུ་བེད་ལྟེ་བའི་ལས་གྲྭ་དང་། ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭམ་ནག་ཞིང་ཆུ་འདྲེན་ཁུལ།ཡར་ཀླུང་ཞིང་ཆུ་འདྲེན་ཁུལ་སོགས་གཙོ་གནད་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་སྔ་རྗེས་སུ་འཛུགས་སྐྲུན་བྱས་པ། འདི་ལོའི་ཟླ་བ་བརྒྱད་པར་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭའི་འཕྲུལ་ཙུའུ་ཚང་མ་ནས་གློག་གཏོང་འགོ་ཚུགས་ཏེ་བོད་དབུས་གློག་དྲའི་དགོས་མཁོའི་འགལ་བ་ཆུང་དུ་ནུས་ལྡན་འགྲོ་རྒྱུ་ཡིན་པ། དུས་མཚུངས་སུ་ཕུ་མདོ་ཆུ་མཛོད་ཀྱིས་སྙོམས་སྒྲིག་བྱས་པ་བརྒྱུད་ལྷ་སའི་ཆུ་ལོག་སྔོན་འགོག་གི་ཚད་གཞི་དེ་ལོ་100ལ་ཐེངས་གཅིག་འཕྲད་པ་ནས་ལོ་200ལ་ཐེངས་གཅིག་འཕྲད་རྒྱུ་བར་མཐོ་རུ་འགྲོ་རྒྱུ་རེད།

    ཆུ་བེད་ཀྱིས་དམངས་ལ་ཕན་པ་བཏགས་ཤིང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འདུ་འགོད་ལག་བསྟར་གྱིས་ཆུ་ཁུངས་འཚོལ་བ་དང་། བྲག་ཆུ་འདྲེན་པ། ཁྲོན་པ་འདྲུ་བ་སོགས་ཀྱི་བྱ་སྤྱོད་སྤེལ་ཏེ་གཅིག་སྡུད་རྣམ་པའི་ཆུ་མཁོ་འདོན་འདུ་འགོད་ལག་ལེན་བསྟར་ཡུལ་ཁྲི་0.75དང་ཁ་འགྲེམས་རྣམ་པའི་ཆུ་མཁོ་འདོན་འདུ་འགོད་ལག་ལེན་བསྟར་ཡུལ་ཁྲི་1.3འཛུགས་སྐྲུན་བྱས་ནས་ཞིང་འབྲོག་པ་ཁྲི་239ལ་བློ་བདེའི་དྭངས་གཙང་ཆུ་འཐུང་རྒྱུ་ཡོང་བ་བྱས་ཡོད། ཚོད་རྩིས་བྱས་ན། འཐུང་ཆུའི་བདེ་འཇགས་འདུ་འགོད་ལག་བསྟར་བྱས་ཚུན་ལོ་རེར་ཆུ་ཉིན་གྲངས་ཁྲི་600ལྷག་ཙམ་ལེན་དགོས་པའི་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་ཐོབ་པ་དང་། དྭངས་གཙང་ཆུ་འཐུང་རྒྱུ་བྱུང་བ།ཞིང་འབྲོག་པར་ནད་གཞི་ཕོག་ཉུང་དུ་སོང་བ། ཡུལ་ནད་བྱུང་ཡུལ་མི་རེའི་ལོ་རེའི་སྨན་བཅོས་འགྲོ་སོང་སྒོར་280ཉུང་དུ་སོང་ཡོད། དེས་ན་འཐུང་ཆུའི་བདེ་འཇགས་འདུ་འགོད་ལ་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས“སྲིད་བཟང་འདུ་འགོད”དང“དམངས་སེམས་འདུ་འགོད”ཅེས་བརྗོད་ཀྱི་ཡོད་པ་རེད།

    ཆུ་བེད་ལེགས་པར་བསྐྲུན་ནས་ལོ་ལེགས་ཡོང་བའི་འགན་ལེན་བྱས་ཤིང་། མལ་སྟག་ཞིང་ཆུ་འདྲེན་ཁུལ་གཅིག་རང་ལས་ཞིང་ཁ་མུའུ་ཁྲི་29ལ་ཞིང་ཆུ་འདང་ངེས་འདྲེན་ཐུབ་ནས་མུའུ་རེའི་ཐོན་ཚད་རྒྱ་མ་600ནས་རྒྱ་མ་720བར་མཐོ་རུ་སོང་ཡོད། མིག་སྔའི་བར་བོད་ལ་རྒྱང་གཞུང་དང་འབུམ་མཚོ་སོགས་ཆུ་མཛོད་93ཡོད་པ་དང་། ཆུ་མཛོད་དུ་ཆུ་ཤོང་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་21ཟིན་པ། མུའུ་ཁྲི་ཡན་གྱི་ཞིང་ཆུ་འདྲེན་ཁུལ་61ཡོད་པ།རྨོ་ཞིང་ལ་ཆུ་འདྲེན་ཁྱོན་མུའུ་ཁྲི་303ཟིན་པ། སྐྱེད་ཚལ་དང་ན་ཁ་སོགས་ལ་ཆུ་འདྲེན་ཁྱོན་མུའུ་ཁྲི་201ཟིན་ཡོད། གཞིས་རྩེ་དང་། ལྷ་ས། ལྷོ་ཁ་སོགས་འབྲུ་རིགས་ཐོན་སྐྱེད་ཁུལ་གཙོ་བོར་ཐན་པ་བསྟན་སྐབས་ཆུ་གཏོང་ཐུབ་པ་དང་ཞོད་སྐྱོན་བྱུང་སྐབས་ཆུ་འབུད་ཐུབ་པ་བྱུང་ཡོད་པ་རེད།

    ཆུ་ལོག་སྔོན་འགོག་བྱས་ནས་བདེ་འཇགས་འགན་ལེན་བྱས་ཤིང་། མིག་སྔའི་བར་བོད་ཀྱིས་ས་ཁུལགྲོང་ཁྱེར7གནས་ཡུལ་དང་རྫོང་གྲོང་46གི་གྲོང་ཁུལ་ཚང་མར་ལོ་30ནས་100བར་ལ་ཐེངས་གཅིག་འཕྲད་པའི་ཚད་གཞི་ལྟར་གྱི་ཆུ་ལོག་སྔོན་འགོག་རགས་བསྐྲུན་ཞིང་། ས་ཁུལགྲོང་ཁྱེརགནས་ཡུལ་གྱི་ཆུ་ལོག་སྔོན་འགོག་ཚད་གཞི་ལོ་50ལ་ཐེངས་གཅིག་འཕྲད་པའི་ཚད་གཞིར་སླེབས་པ་དང་། རྫོང་གྲོང་གྲོང་ཁུལ་གྱི་ཆུ་ལོག་སྔོན་འགོག་ཚད་གཞི་ལོ་30ནས་100བར་ལ་ཐེངས་གཅིག་འཕྲད་པའི་ཚད་གཞིའི་བར་དུ་མཐོ་རུ་བཏང་ནས་མང་ཚོགས་ཁྲི་150ལྷག་ཙམ་གྱི་ཆུ་ལོག་གི་སེམས་ཁྲལ་སེལ་ཐུབ་པ་བྱུང་ཡོད་པ་རེད།

    ཞིང་འབྲོག་ཁུལ་དུ་ཆུ་ཤུགས་ཀྱི་གློག་བཏང་ཞིང་། མིག་སྔར་བོད་ལ་རྫོང་དང་ཤང་རིམ་པའི་ཆུ་ཤུགས་གློག་ཁང་314ཡོད་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་16.09ཟིན་ནས་མི་ཁྲི་85.3ཡི་གློག་གི་གནད་དོན་ཐག་གཅོད་ཐུབ་ཡོད། སྤོ་བོ་དང་། གྲོ་མོ། ཉིང་ཁྲི་སོགས་རྫོང་གློག་ཤུགས་ཅན་དུ་གྱུར་པའི་རྫོང་གི་གྲལ་སྟར་ནང་ཚུད་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001336163681