གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅༎བོད་ ཀྱིས་ གཏན་ འབེབས་ དོན་ ཚན་ བརྒྱད་ ཀྱི་ དགོངས་ དོན་ ལས་ འགལ་ བའི་ གྱོད་ གཞི་ 30བརྡ་ ཁྱབ་ བཏང་ བ།
2014-09-03        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་ཆར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་30བརྡ་ཁྱབ་བཏང་སྟེ་གཞུང་དངུལ་སྤྱད་ནས་ཟ་རྒྱགས་དང་བག་མེད་ལོངས་སྤྱོད་བྱེད་པ་སོགས་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་གཙོ་གནད་དུ་བཅོས་སྒྲིག་བྱས་པ་ཕུད། ད་དུང་ཆབ་སྲིད་ལངས་ཕྱོགས་བརྟན་པོ་མེད་པ་དང་སྤྱོད་ཚུལ་ཏན་ཏིག་མེད་པ་དང་སྒྱིད་ལུག་གི“གནད་དོན་གཉིས”ཞིབ་བཤེར་ཐག་གཅོད་བྱས་པ་དེའི་ནང་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་གི་མི་བཞིས་རང་མཚམས་ངང་ལས་གནས་ནས་བྲལ་བ་དང་ལས་བྱོལ་བྱས་པ་དང་དེ་བཞིན་གུང་གསེང་ཐིམ་ཡང་ཕྱིར་ལོག་མི་བྱེད་མཁན་ལ་གཞུང་ཞབས་པའི་གྲལ་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད་པ་རེད།

    ད་རེས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་བརྡ་ཁྱབ་བཏང་བའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་30ཡི་ནང་སྒྲིག་སྲོལ་ལས་འགལ་ཏེ་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱེད་པ་དང་། གཞུང་དངུལ་སྤྱད་ནས་རོལ་རྩེད་ནང་ཞུགས་པ། བུ་ཕྲུག་གི་གཉེན་སྒྲིག་རྒྱས་གཤོམ་བྱེད་པ་སོགས་ཚུད་ཅིང་། དེའི་ནང་ནག་ཆུ་ས་ཁུལ་སྙན་རོང་རྫོང་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་གཞུང་དངུལ་སྤྱད་ནས་རོལ་རྩེད་འཛད་སྤྱོད་ནང་ཞུགས་པས་སྲིད་འཛིན་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་། ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའུ་སྐོར་གཡེང་ཉེན་རྟོག་ཉིང་ལག་རུ་ཁག་གི་75སྨན་ཁང་གི་དམངས་ཕན་ཉེན་སྲུང་ས་ཚིགས་ཀྱི་ཀྲའན་ཀྲང་བུ་ཆུང་གིས་བུ་མོའི་གཉེན་སྒྲིག་རྒྱས་གཤོམ་བྱས་པས། སྲིད་འཛིན་གྱི་སྐྱོན་ཐོ་འགོད་པའི་ཆད་པ་བཅད་ཡོད།

    མི་བཞི་ལ་གཞུང་ཞབས་པའི་གྲལ་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པའི་གྱོད་གཞི་ནི་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་གཏེར་སྟོན་ཤང་གཏེར་སྟོན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཉེན་དོན་ཁང་གི་ཉེན་རྟོག་ལས་བྱེད་པ་ཀྲང་ཅ་པེ་གུང་གསེང་གི་དུས་ཚོད་ཐིམ་ཡང་ཕྱིར་ལོག་མི་བྱེད་པ་དང་ཉིན་41ལས་བྱོལ་བྱས་པ་དང་། ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་འཛི་སྒར་ཤང་ཅོ་ནེ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཉེན་རྟོག་ལས་བྱེད་པ་སུན་ཅ་མོང་གིས་རང་མཚམས་ངང་ལས་གནས་ནས་བྲལ་བ་དང་ཉིན་51ལས་བྱོལ་བྱས་པ། ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་འདན་ཁོག་ཤང་སྲིད་གཞུང་གི་ལས་སྒྲུབ་པ་ཁྲེན་ཆན་ཧུའེ་ཡིས་རང་མཚམས་ངང་ལས་གནས་ལས་ཁ་བྲལ་བ་དང་ཉིན་61ལས་བྱོལ་བྱས་པ། ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་མི་དམངས་འཐུས་ཚོགས་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཅང་གིས་རང་མཚམས་ངང་ལས་གནས་ནས་ཁ་བྲལ་བ་དང་ཉིན་182ལས་བྱོལ་བྱས་པ་བཅས་རེད།

    ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས《གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་འགོ་ཁྲིད་ལས་བྱེད་པས་ཟླ་མཆོད་བག་ལེབ་དང་དངོས་ཉོ་གཱ་སོགས་དུས་ཆེན་གྱི་ལག་རྟགས་གཞུང་དངུལ་སྤྱད་ནས་ཉོ་བ་དང་། སྤྲོད་པ། འབུལ་བ་བཅས་གཏན་ནས་བྱེད་མི་ཆོག་པ་དང་། སྣེ་ལེན་ཁང་དང་ལུས་གསོ་ཁང་སོགས་བརྒྱུད་ནས་སྒྲིག་འགལ་ངང་ཟ་རྒྱགས་སྤྱོད་གསུམ་བྱེད་མི་ཆོག་པ། མིང་སྣ་ཚོགས་ལ་ཁ་གཡར་ནས་གཞུང་དངུལ་བཏང་སྟེ་ཡུལ་སྐོར་དང་གུང་སེང་གཏོང་བ་དང་། རིམ་མཐོའི་ལུས་སྦྱོང་། རོལ་རྩེད་བྱེད་སྒོ་སོགས་སྒྲིག་འཛུགས་སམ་ཡང་ན་དེའི་ནང་ཞུགས་མི་ཆོག་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ད་དུང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་བསྒོས་ཀྱང་མི་སྒུལ་བ་དང་བཀག་ཀྱང་མི་ཉན་མཁན་གཅིག་ཤེས་ཚེ་དེར་ཐག་གཅོད་བྱེད་པ་དང་མིང་བཏོན་ནས་དམར་རྗེན་དུ་བཏོན་ཏེ་རྒྱ་ཡན་དུ་མི་གཏོང་བ་དང་སྙིང་རྗེ་སྤུ་ཙམ་ཡང་མི་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001336164151