གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཞིང་ འབྲོག་ པའི་ ཕུགས་ འདུན་ དོན་ གཉེར་ སྐོར་ ཉན་ པ།
2014-09-03        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    “ཀྲུང་གོའི་ཕུགས་འདུན·བོད་ཀྱི་གཏམ་རྒྱུད”ཅེས་པའི་བོད་ཀྱི་ཞིང་འབྲོག་པའི་བརྙན་འཕྲིན་སྒྲོག་འགྲེལ་གྱི་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་སྐོར་གྱི་ཟུར་བྲིས།

    “ཞིང་འབྲོག་པའི་བརྙན་འཕྲིན་སྒྲོག་འགྲེལ་གྱི་འགྲན་བསྡུར་ཆེ་མོའི་ནང་ཞུགས་པ་དེས་སྒྲོག་འགྲེལ་པ་གཞན་གྱི་ཁྱད་ཆོས་དང་རང་ཉིད་ཀྱི་མི་འདང་ས་མཐོང་ཐུབ་པ་དེ་ནི་ད་རེས་རང་ཉིད་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཆེ་ཤོས་དེ་ཡིན་པས། རང་ཉིད་ཀྱིས་ངེས་པར་དུ་གྲུབ་འབྲས་དེ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་སྒུལ་ཤུགས་སུ་འགྱུར་བ་བྱ་རྒྱུ་ཡིན”ཞེས་པ་དེ་ནི་གཞིས་རྩེ་ས་ཁུལ་འབྲོང་པ་རྫོང་ཆོས་འཁོར་ཤང་གི་ཞིང་པའི་སྒྲོག་འགྲེལ་པ་བཀྲ་ཤིས“ཀྲུང་གོའི་ཕུགས་འདུན·བོད་ཀྱི་གཏམ་རྒྱུད”ཅེས་པའི་ཞིང་འབྲོག་པའི་བརྙན་འཕྲིན་སྒྲོག་འགྲེལ་གྱི་འགྲན་བསྡུར་ཆེ་མོ་སྐབས་དང་པོར་ཞུགས་སྐབས་བརྗོད་པ་ཞིག་རེད།

    བོད་དུ་རྒྱ་ཆེའི་ཞིང་འབྲོག་པ་ནི“ཀྲུང་གོའི་ཕུགས་འདུན·བོད་ཀྱི་གཏམ་རྒྱུད”ཤོད་དབང་ཆེ་ཤོས་ལྡན་པ་ཞིག་ཡིན་ལ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་རྐང་འཛིན་པ་ཞིག་ཀྱང་རེད། ཁོང་ཚོ་གཞི་རིམ་ནས་ཡོང་བ་ཞིག་ཡིན་པས་གཞི་རིམ་གྱི་ཚབ་བྱེད་ཐུབ་པ་དང་ཁོང་ཚོས་བཤད་པ་དེ་རྒྱ་ཆེའི་མང་ཚོགས་ཚོའི་ཐུན་མོང་གི་བསམ་འདུན་ཞིག་རེད།

    ལྗོངས་ཏང་ཨུད་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་ཝང་ཧུའེ་ཡིས“ད་རེས་ཀྱི་འགྲན་བསྡུར་ཆེ་མོ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་སྒྲོག་འགྲེལ་བྱ་ཐབས་གསར་གཏོད་བྱས་ཏེ་འགྲན་བསྡུར་གྱི་ཐོག་ནས་སྒྲོག་འགྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་གར་སྟེགས་དང་སྐད་དུང་མང་ཚོགས་ལ་སྤྲད་ནས་ཞིང་འབྲོག་པའི་སྙིང་སྟོབས་འཕེལ་བའི་གཏམ་རྒྱུད་དང་མི་ཚེའི་མྱོང་ཚོར་བརྗོད་དེ་ཚང་མས་ཀྲུང་གོའི་ཕུགས་འདུན་དང་མི་སྒེར་གྱི་ཕུགས་འདུན་དབར་གྱི་འབྲེལ་བ་དམ་ཟབ་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད”ཅེས་བཤད།

    ཕུལ་བྱུང་གི་ཞིང་འབྲོག་པའི་སྒྲོག་འགྲེལ་པ་འདེམས་ཆེད་འགྲན་བསྡུར་ཐོག་བོད་ཡིག་ཤེས་པ་མ་ཟད། སྒྲོག་འགྲེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ་ཞིབ་དཔྱད་ཨུ་ཡོན་གྱི་འགན་འཁུར་བ་དང་བླང་དོར་གྱི་འགྲན་བསྡུར་ལམ་ལུགས་བཟོས་ཡོད་པ་རེད། འགྲན་བསྡུར་ནང་ཞུགས་མཁན་ཚང་མས་རང་ངོས་དང་ཉེ་འགྲམ་གྱི་གཏམ་རྒྱུད་ངོ་མ་གཙོ་བོར་བྱས་ཏེ་གར་སྟེགས་ཐོག་བསྐྱོད་དེ་ཀྲུང་གོའི་ཕུགས་འདུན་སྐོར་ལྷུག་པོར་བརྗོད་པ་རེད།

    འགྲན་བསྡུར་ཆེ་མོའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་བོད་ལྗོངས་ཀྱི་ས་ཆ་ཁག་ནས་ཡོང་བའི་ཞིང་འབྲོག་པའི་སྒྲོག་འགྲེལ་པ་ཚོས་གར་སྟེགས་ཐོག་ནས་མི་རྣམས་ལ་རང་ཉིད་ཀྱི་ཕུགས་འདུན་རྒྱས་བཤད་བྱས་ཡོད་པ་སྟེ།

    སློབ་སྦྱོང་བྱེད་རྒྱུར་སྐུལ་མ་གཏོང་བའི་འཇམ་དབྱངས་དར་རྒྱས་ཀྱི་དཀའ་ཚེགས་ཀྱི་ལམ་བུ་དང་། སློབ་གསོར་བཅངས་བའི་འཆི་མེད་ཚེ་རིང་གི་ཕུགས་འདུན། རི་སྟོང་གསེར་རིར་བསྒྱུར་བའི་སྐལ་བཟང་བག་གྲོའི་དཀའ་ཚེགས་ཀྱི་ལམ་བུ་སོགས་ཚང་མའི་སྒྲོག་འགྲེལ་གྱི་ནང་དོན་ལས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། འགྲན་བསྡུར་ཆེ་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་མཚམས་སུ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་འགྲན་བསྡུར་ཚ་ཚ་འུར་འུར་ངང་བྱས་པ་བརྒྱུད་མཐར་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་ནས་ཡོང་བའི་འཇམ་དབྱངས་དར་རྒྱས་ལ་ཨང་དང་པོ་ཐོབ་ཡོད་པ་རེད།

    འགྲན་བསྡུར་ཆེ་མོའི་ནང་ཨང་དང་པོ་ཐོབ་མཁན་འཇམ་དབྱངས་དར་རྒྱས་ཀྱིས“ད་རེས་ཀྱི་འགྲན་བསྡུར་ཆེ་མོ་ལས་རང་ཉིད་ཀྱིས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྔར་བས་ཤེས་རྟོགས་ཐུབ་རྒྱུར་སྐུལ་མ་ཐེབས་པ་དང་། སྒྲོག་འགྲེལ་ནང་ཞུགས་མཁན་ཚང་མ་ཕུལ་དུ་བྱུང་བ་དང་ཤེས་བྱ་ཕུན་སུམ་ཚོགས་པོ་ལྡན་པ་ཤ་སྟག་ཡིན་པས་སླད་ཕྱིན་རང་ཉིད་ཀྱིས་ཁོང་ཚོར་སློབ་སྦྱོང་མང་ཙམ་བྱས་ཏེ་ཕྱིར་ལོག་རྗེས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གྱིས་གྲོང་མི་ཚོའི་སྣེ་ཁྲིད་དེ་འབྱོར་ཕྱུག་དང་འབྱོར་འབྲིང་ཕྱོགས་སུ་ཧུར་ཐག་བསྐྱོད་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་པའི་ངང་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲན་བསྡུར་ཆེ་མོའི་ནང་འབུར་དུ་ཐོན་པའི་ཞིང་འབྲོག་པའི་སྒྲོག་འགྲེལ་པ་13དེ་དག་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་སྒྲོག་འགྲེལ་པར་གདན་ཞུ་བྱས་ཏེ་བོད་ལྗོངས་ཀྱི་ཞིང་འབྲོག་པའི་སྒྲོག་འགྲེལ་དཔུང་ཁག་གི་སྤུས་ཚད་སྔར་བས་ལེགས་སུ་གཏོང་རྒྱུ་རེད།

    བརྟག་དཔྱད་བྱས་པ་བརྒྱུད་འགྲན་བསྡུར་ཆེ་མོའི་གོ་རིམ་ཧྲིལ་པོ་ཤེས་རྟོགས་བྱུང་བ་དང་བོད་ཀྱི་ཞིང་འབྲོག་པའི་བརྙན་འཕྲིན་སྒྲོག་འགྲེལ་གྱི་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་ཐོག་སྐད་དུང་དང་གར་སྟེགས་ཞིང་འབྲོག་པར་སྤྲད་པ་དང་པར་ལེན་ཤེལ་སྒོ་ཞིང་འབྲོག་པར་ཕྱོགས་ཡོད། ཞིང་འབྲོག་པའི་སྒྲོག་འགྲེལ་པས་བརྙན་འཕྲིན་འགྲན་བསྡུར་ཆེ་མོའི་ནང་མི་སེམས་འགུལ་བའི་ཕ་སྐད་ཀྱི་ཐོག་ནས་རང་ཉིད་ཀྱིས་རྒྱུད་མྱོང་བ་དང་མིག་མཐོང་ལག་ཟིན་བྱུང་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་དང་མི་སེར་གྱི་སེམས་གཏིང་གི་རླབས་ཆེའི་ཀྲུང་གོའི་ཕུགས་འདུན་གསོན་ཉམས་དོད་པོས་རྒྱས་བཤད་བྱས་ཏེ་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། བོད་ལྗོངས་འཕེལ་རྒྱས་བརྟན་ལྷིང་ཡོང་བ། ཁྱིམ་ཚང་འཆམ་མཐུན་བདེ་སྐྱིད་ཡོང་བ་བཅས་ཆེད་དྲང་ནུས་ཆེན་པོ་གཅིག་ཏུ་བསྡུས་པ་གསར་འགོད་པས་ཤེས་རྟོགས་བྱུང་།

མཛའ་འབྲེལ་དྲ་བ།
010020070840000000000000011100001336164731