གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། སྐྱེ་ དངོས་ སྣ་ མང་ རང་ བཞིན་ གྱི་ གྲངས་ ཚད་ མངོན་ གསལ་ དོད་ པོས་ མང་ དུ་ ཕྱིན་ པ།
2014-09-08        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    2014ལོར་རྫ་ཆུའི་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་མགྱོགས་མྱུར་བརྟག་དཔྱད་བྱས་འབྲས་རགས་ཙམ་ཉེ་དུས་ཐོན་ཡོད། ད་རེས་བརྟག་དཔྱད་བྱེད་རིང་ཁྱོན་སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་370ཐོ་འགོད་བྱས་ཡོད་པའི་ཁྲོད་རྩི་ཤིང་གི་རིགས་190དང་། འབུ་སྲིན་གྱི་རིགས་45 སྐམ་ཆུ་གཉིས་འཚོའི་གོག་བགྲོད་སྲོག་ཆགས་ཀྱི་རིགས་3 ཉའི་རིགས་4 བྱ་བྱིའུ་ཡི་རིགས་110 འོ་གསོའི་རིགས་18བཅས་ཡོད། ད་རེས་བརྟག་དཔྱད་བྱེད་རིང་རྫ་ཆུའི་ཆུ་ཁོངས་ཁག་གཅིག་ཏུ་གསའ་མང་དག་ཅིག་གི་རྐང་རྗེས་དང་སྐྱག་གཅིན་ཡོད་པ་ཤེས་རྟོགས་བྱུང་བ་དེ་ལས་དེ་གར་བདེ་ཐང་གི་གསའ་ཁྱུ་ཚོགས་འཚོ་གནས་བྱེད་ཀྱི་ཡོད་པའི་ར་སྤྲོད་ཐུབ། བརྟག་དཔྱད་བྱེད་རིང་ད་དུང་རྫ་ཆུའི་ཆུ་ཁོངས་སུ་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་བྱ་རིགས་ཁང་བྱིའུ་ཁྱབ་ཁུལ་གསར་པ་ཡང་ཤེས་རྟོགས་བྱུང་ཡོད།

    ད་རེས་ཀྱི་བརྟག་དཔྱད་དེ་གཙང་གསུམ་ཆུ་འགོའི་སྲུང་སྐྱོབ་ཡན་ལག་ཁུལ་18ཀྱི་ཡན་ལག་ཁུལ་5ལ་ཁྱབ་པ་དང་མིག་མཐོང་ལག་ཟིན་གྱི་དཔྱད་གཞིའི་ཡིག་ཆ་འབོར་ཆེན་ཐོབ་པ་དེ་ནི་ཉེ་བའི་ལོ་10ཡི་ནང་གཙང་གསུམ་ཆུ་འགོའི་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད་བྱས་པའི་ཁྲོད་སྐྱེ་དངོས་ཀྱི་རིགས་དང་སྣ་ཁ་ཁྱབ་མང་ཤོས་དང་རིགས་གཅིག་མཁས་ཅན་གདན་ཞུའི་ཆུ་ཚད་མཐོ་ཤོས་ཀྱི་བརྟག་དཔྱད་ཀྱི་གྲས་ཤིག་ཡིན་པ་རེད།

    རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དེ་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་གནས་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་29.8ཡོད་པ་དང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡན་ཟིན་ནས་བརྗིད་ཆཌ་ལྡན་པའི་གངས་རི་དང་། འཁྱགས་རོམ། སྐར་ཚོགས་ལྟར་གྱི་མཚོ་མཚེའུ། ས་མཐོའི་འདམ་ར་བཅས་ལས་ངོ་མཚར་ལྡན་པའི་རང་བྱུང་མཛེས་ལྗོངས་ཤིག་གྲུབ་པ་དེ་ནི་འབྲོང་དང་། གཙོད། རྐྱང་། གནའ་བ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་སྤྲོ་སྐྱིད་གླིང་ཞིག་རེད།

    ལོ་20ཡི་རིང་དོ་དམ་དང་སྲུང་སྐྱོང་བྱས་པ་བརྒྱུད་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། སྲུང་སྐྱོང་ཁུལ་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། གཙོད་ཀྱི་གྲངས་འབོར་དེ་སྲུང་སྐྱོང་མ་བྱས་གོང་གི་ཁྲི་6ལྷག་ཙམ་ནས་ད་ལྟའི་ཁྲི་16ལྷག་ཙམ་བར་མང་དུ་ཕྱིན་པ་དང་། འབྲོང་གི་གྲངས་འབོར་དེ་སྔའི་6000ལྷག་ཙམ་ནས་ད་ལྟའི་ཁྲི་6ལྷག་ཙམ་བར་མང་དུ་ཕྱིན་པ། རྐྱང་གི་གྲངས་འབོར་དེ་སྔའི་ཁྲི་5ལྷག་ཙམ་ནས་ད་ལྟའི་ཁྲི་9ལྷག་ཙམ་བར་མང་དུ་ཕྱིན་པ་བཅས་རེད།

    

མཛའ་འབྲེལ་དྲ་བ།
010020070840000000000000011100001336278991