གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། གནས་ ཡུལ་ ལུང་ ཤུར་ གྱིས་ འགྲུལ་ པ་ ཁྲི་ 45ལྷག་ ཙམ་ ཡིད་ འགུག་ བྱས་ པ།
2014-09-10        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་ལྗོངས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གི་ལྗོངས་ཁུལ་གནས་ཡུལ་ལུང་ཤུར་ལ“སའི་གོ་ལའི་ལྗང་མདོག་གི་སྦས་ཡུལ་མཐོ་ཤོས”ཞེས་པའི་མཚན་སྙན་ལྡན་ཡོད། ལྗོངས་ཁུལ་གྱི་འགན་ཁུར་མི་སྣས། 2010ལོར་སྒོ་ཕྱེ་བ་ནས་བཟུང་གནས་ཡུལ་ལུང་ཤུར་ལྗོངས་ཁུལ་གྱི་སྙན་གྲགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲུལ་པ་མང་དུ་ཤུགས་ཆེན་ཕྱིན་ནས་འགྲུལ་པ་ཁྲི་45ལ་སྣེ་ལེན་བྱས་ཡོད་ཅེས་གསར་འགོད་པར་བརྗོད།

    གལ་ཏེ་ཉིང་ཁྲི་ནི་བོད་ཀྱི་འབྲི་ཆུའི་ལྷོ་རྒྱུད་དུ་འབོད་ཚེ་སྨན་གླིང་རྫོང་དེ་ཉིད་སྐྱེ་དངོས་ཀྱི་གཞི་རྒྱུའི་ནོར་མཛོད་དུ་འབོད་ཆོག་པ་དང་། གནས་ཡུལ་ལུང་ཤུར་ནི་སྐྱེད་མོས་ཚལ་ནང་གི་དགའ་ཚལ་ཡིན་ཞིང་སྣོད་བཅུད་ཉར་ཚགས་ལེགས་པོ་བྱས་པའི་རང་བྱུང་སྣོད་བཅུད་སྤྱི་གླིང་ཡིན།

    གནས་ཡུལ་ལུང་ཤུར་ལྗོངས་ཁུལ་གྱི་འཆད་འགྲེལ་བ་བཀྲ་ཤིས་སྒྲོལ་མའི་ངོ་སྤྲོད་ལ་གཞིགས་ན། སྐྱེད་མོས་ཚལ་ནང་དུ་ཡུན་ཧྲན་གསོམ་ཤིང་དང་གངས་ལྷ་མེ་ཏོག བི་ཤ། ཆུ་སྲམ་སོགས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ཕུན་གསུམ་ཚོགས་པ་ཡོད། ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་ཀྱིས་རྨོ་བསྐྱུར་ནགས་བཟོ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་སྲིད་ཇུས་ཁྱབ་སྤེལ་བཏང་བས་ལོ་རབས་དུ་མའི་རིང་རྔོན་པ་བརྒྱབ་ནས་འཚོ་བ་སྐྱེལ་བའི་ལྷོ་པ་རིགས་ཀྱི་མང་ཚོགས་ཚོས་ལག་ཐོག་གི་མདའ་གཞུ་བཞག་ནས་ཞིང་འབྲོག་ལས་གཉེར་བས་གནས་ཡུལ་ལུང་ཤུར་ལ་སྲུང་སྐྱོབ་དེ་བས་ལེགས་པ་ཐོབ་བཞིན་ཡོད། ཚེ་རིང་བཟང་མོས་བསྒྱུར

མཛའ་འབྲེལ་དྲ་བ།
010020070840000000000000011100001336324561