གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱིས་ ཀྲུང་ དབྱང་ གི་ གཏན་ འབེབས་ དོན་ ཚན་ བརྒྱད་ ལས་ འགལ་ བའི་ གྱོད་ གཞི་ དགུ་ བརྡ་ ཁྱབ་ བྱས་ པ།
2014-09-11        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གྱོད་གཞི་དགུ་བརྡ་ཁྱབ་བྱས་པ་དེ་གཞུང་དངུལ་སྤྱད་དེ་ཟ་འཐུང་རྒྱས་སྤྲོས་བྱས་པ་དང་། གཞུང་དངུལ་བེད་སྤྱོད་བཏང་བའི་རོལ་རྩེད་འཛད་སྤྱོད་ནང་ཞུགས་པ། སྒྲིག་འགལ་ངང་གཞུང་འཁོར་བཀོད་སྒྲིག་བྱས་པ་དང་བེད་སྤྱོད་བཏང་བ་སོགས་སོ་སོ་དང་འབྲེལ་བ་ཡོད་པ་དང་འབྲེལ་ཡོད་འགན་འཁྲི་བར་ཏང་སྒྲིག་སྲིད་སྒྲིག་གི་ཆད་གཅོད་བྱས་པ་རེད།

    གྱོད་གཞི་དགུ་པོ་དེ་དག་ནང་མི་ལྔ་ནི་གཞུང་དངུལ་སྤྱད་དེ་ཟ་འཐུང་རྒྱས་སྤྲོས་བྱས་པ་དང་གཞུང་དངུལ་བེད་སྤྱོད་བཏང་བའི་རོལ་རྩེད་འཛད་སྤྱོད་ནང་ཞུགས་པས་ཏང་སྒྲིག་སྲིད་སྒྲིག་གི་ཆད་གཅོད་བྱས་པ་དང་། ཁོང་ཚོ་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་མཆོག་ཚུལ་ཁྲིམས་ཀྱིས་གཞུང་དངུལ་སྤྱད་དེ་ཟ་འཐུང་རྒྱས་སྤྲོས་བྱས་པས་ཏང་ནང་གི་ཐ་ཚིག་སྒྲོག་པའི་ཆད་གཅོད་བྱས་པ་དང་། ནག་ཆུ་ས་ཁུལ་ཆུ་བེད་ཅུས་ཀྱི་ལས་བྱེད་པ་ནུང་པིང་དང་། ནག་ཆུ་ས་ཁུལ་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱི་ཀང་། ལྷ་སར་བཅའ་སྡོད་ནག་ཆུ་རྫོང་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་མིག་དམར་ཚེ་རིང་བཅས་ཀྱིས་གཞུང་དངུལ་སྤྱད་དེ་རོལ་རྩེད་འཛད་སྤྱོད་ཀྱི་བྱེད་སྒོར་ཞུགས་པས་སྲིད་འཛིན་གྱི་ཐ་ཚིག་སྒྲོག་པའི་ཆད་གཅོད་བྱས་པ། ནག་ཆུ་རྫོང་ཤོ་མོ་ཤང་གི་ཤང་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་གཞུང་དངུལ་སྤྱད་དེ་རོལ་རྩེད་འཛད་སྤྱོད་ཀྱི་བྱེད་སྒོའི་ནང་ཞུགས་པས་སྲིད་འཛིན་གྱི་ཉེས་ཐོ་འགོད་པའི་ཆད་གཅོད་བྱས་པ་བཅས་རེད།

    གཞན་ཡང་མི་གསུམ་ནི་ལས་ཀའི་སྒྲིག་ལམ་ནས་འགལ་ནས་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་གཅོད་དང་སྲིད་འཛིན་གྱི་གོ་གནས་མེད་པ་བཟོས་པའི་ཆད་གཅོད་བྱས་པ་དང་། མི་གཅིག་གིས་སྒྲིག་འགལ་ངང་གཞུང་འཁོར་བཀོད་སྒྲིག་བྱས་པ་དང་བེད་སྤྱོད་བཏང་བས་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་གཅོད་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་བོད་འདི་ཉིད་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཡིན་ཡང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་དམིགས་བསལ་རང་བཞིན་གང་ཡང་མེད་ཅེས་གསུངས་མྱོང་ཡོད་པ་རེད།

    ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”ཀྱི་བླང་བྱ་བློ་ཐག་ཆོད་པོས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལྟ་སྐུལ་གྱི་ཐབས་ལམ་སྔར་བས་བདེ་བགྲོད་ཐོགས་མེད་ཡོང་བ་བྱ་ཕྱིར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཆེད་མངགས་དྲ་ཐོག་ཐེར་འདོན་ཞུ་གཏུག་སྟེགས་བུ་བཙུགས་པ་དང་ལྟ་སྐུལ་དང་ཐེར་འདོན་སྙན་ཞུའི་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱི་ཐོག་ནས་སྤྱོད་ཚུལ་བཞིར་ངོ་རྒོལ་བྱེད་པའི་བྱ་སྤྱོད་དེ་དོན་དངོས་སུ་འཁྱོལ་རྒྱུའི་འགན་ལེན་བྱེད་ཀྱི་ཡོད་པ་རེད། དེའི་ནང་ཟླ་བརྒྱད་པ་ཁོ་ནར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གནད་དོན་15ཞིབ་གཅོད་བྱས་པ་དང་མི་21ལ་ཐག་གཅོད་བྱས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001336352141