གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། མིག་ སྔར་ བོད་ ལ་ ཁྱོན་ བསྡོམས་ རིགས་ ཁག་ གི་ ཆོས་ ལུགས་ བྱེད་ སྒོ་ སྤེལ་ ཡུལ་ 1787ཡོད་ པ་ དང་ གྲྭ་ བཙུན་ ཁྲི་ 4.6ཟིན་ པ།
2014-09-11        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    “མིག་སྔར་བོད་ལ་རིགས་ཁག་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་1787ཡོད་པ་དང་དགོན་པའི་གྲྭ་བཙུན་མི་གྲངས་ཁྲི་4.6ལྷག་ཡོད་ལ། རིགས་ཁག་གི་ཆོས་ལུགས་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་བཞིན་གྲྭ་བཙུན་རྣམས་ཀྱི་ཆོས་དད་རང་མོས་ལ་སྲུང་བརྩི་དང་སྲུང་སྐྱོང་གང་ལེགས་ཐོབ་ཡོད” དེ་ནི་ཚེས་10ཉིན་གསར་འགོད་པས་བོད་ལྗོངས་ཆོས་ལུགས་ལས་དོན་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཡིན།

    བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པས། མིག་སྔར་བོད་རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་7ལ་སྤྱིའི་ཆ་ནས་ནང་བསྟན་མཐུན་ཚོགས་བཙུགས་ཡོད་པ་དང་། ལྗོངས་ཡོངས་ཀྱིས་ལོ་ལྟར་སྒྲིག་ཁོངས་ནང་དུ་གྲྭ་བཙུན་1000བཅུག་ནས་ཁ་གསབ་བྱེད་ཀྱི་ཡོད། གྲྭ་བཙུན་རྣམས་ཀྱིས་དཔེ་ཆ་སློབ་སྦྱོང་དང་མཚན་གནས་ལེན་པ། སྡོམ་པ་སྲུང་བ་སོགས་སྲོལ་རྒྱུན་གྱི་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་བ་དང་། ཡང་སྲིད་ངོས་འཛིན་ཞུ་བ་དེ་བོད་བརྒྱུད་ནང་བསྟན་ཁྲོད་དམིགས་བསལ་གྱི་རྒྱུད་འཛིན་བྱ་ཐབས་ཤིག་ཡིན་པའི་ཆ་ནས་སྤྲུལ་སྐུ་གསར་པ་60ལྷག་ཙམ་ཆོས་ཕྱོགས་ཀྱི་མཛད་སྒོ་དང་ལོ་རྒྱུས་ཀྱི་གཏན་སྲོལ་ལྟར་ངོས་འཛིན་ཞུས་ཡོད་ཅེས་བརྗོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001336353241