གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱིས་ རྩེར་ སོན་ ཡུལ་ སྐོར་ ལམ་ ཐིག་ ཁག་ གསུམ་ བཏོད་ པ།
2014-09-12        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་རྗེས་བོད་ཀྱིས་རྩེར་སོན་ཡུལ་སྐོར་ལམ་ཐིག་ཁག་གསུམ་བཏོད་དེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ལམ་ཐིག་དེ་དག་བརྒྱུད་གཙང་གི་ས་གཞི་ཆེ་མོའི་མཛེས་སྡུག་མྱོང་རོལ་ཐུབ་པ་བྱས་ཡོད།

    ཇོ་མོའི་ཡུལ་སྐོར།མཛེས་ལྗོངས་ཁུལ་མང་ཆེ་བ་རྒྱལ་ལམ་318ལམ་རྒྱུད་དུ་གཅིག་སྡུད་དུ་གནས་ཡོད་པ་དང་ལམ་བར་ནས་ཤང་ཤང་དུ་རྒྱུག་པའི་ཆུ་བོ་དང་གཅིག་ལ་གཅིག་སྦྲེལ་གྱི་གངས་རི་མཐོང་ཐུབ་ལ།ཡུལ་སྐོར་བས་པཎ་ཆེན་སྐུ་ཕྲེང་རིམ་བྱུང་གི་གདན་ས་བཀྲས་ལྷུན་དགོན་དང་བོད་བརྒྱུད་ནང་བསྟན་ས་སྐྱ་པའི་མ་དགོན་ས་སྐྱ་དགོན་ཡང་མཇལ་ཐུབ་པ་མ་ཟད།འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་བརྗིད་ཉམས་མཐོང་ཐུབ་པ་དང་།དེ་བཞིན་ཀྲུང་ནེའི་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་གྲས་ཏེ་འགྲམ་འགག་སྒོའི་ཡུལ་ལྗོངས་ཀྱང་མྱོང་རོལ་བྱེད་ཐུབ།ལམ་ཐིག་དེ་ནི་གཞིས་རྩེ་དང་།ས་སྐྱ།ལྷ་རྩེ།དིང་རི།སྐྱིད་གྲོང་།གཉའ་ལམ་བཅས་བར་ཡིན་པ་རེད།

    རོང་ས་དམར་པོའི་ཡུལ་སྐོར།མཛེས་ལྗོངས་ཁུལ་མང་ཆེ་བ་གཞུང་ལམ་རྒྱུད་དུ་གཅིག་སྡུད་བྱས་ཡོད་པ་དང་རྒྱལ་རྩེ་གནའ་གྲོང་དུ་འབྱོར་ཐུབ་པ་མ་ཟད།གློག་བརྙན《རོང་ས་དམར་པོའི》པར་ལེན་བྱ་ཡུལ་དུ་འབྱོར་ནས་བོད་མི་དམངས་ཀྱིས་བཙན་འཛུལ་པར་འགོག་རྒོལ་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་མཐོང་ཐུབ་པ་དང་།ཡུལ་སྐོར་བ་ཚོ་གྲོ་མོ་བརྒྱུད་སྐབས་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་ཚང་ཚིང་ནགས་ཚལ་དུ་འབྱོར་ནས་ས་མཐོར་མི་འཕྲོད་པའི་སྣང་བ་དེ་རིམ་གྱིས་ཡལ་ཐུབ།ལམ་ཐིག་དེ་ནི་གཞིས་རྩེ་དང་།རྒྱལ་རྩེ།ཁང་དམར།གྲོ་མོ་བཅས་ཡིན་པ་རེད།

    ཡར་ཀླུང་གཙང་པོའི་ཡུལ་སྐོར།མཛེས་ལྗོངས་ཁུལ་མང་ཆེ་བ་རྒྱལ་ལམ་219ལམ་རྒྱུད་དུ་གཅིག་སྡུད་དུ་གནས་ཡོད་པ་དང་།ཡུལ་སྐོར་བ་ཚོས་ཡར་ཀླུང་གཙང་པོའི་ཆུ་འགོའི་རྫོང་ཨང་དང་པོ་སྟེ་འབྲོང་པ་རྫོང་གི་ངོ་མཚར་མཐོང་ཐུབ་ལ་ས་མཐོའི་བརྗིད་ཉམས་མཐོང་ཐུབ་ཁར་འབྲོག་པའི་ཁྱིམ་དུ་བསྡད་ནས་གཙང་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་དང་ཡུལ་ལུང་གི་གླུ་གར་ལྟ་ཐུབ་པའི་ཐོག་གཙང་གི་ཁྱད་ལྡན་བོད་ཟས་ཀྱང་ལོངས་སུ་སྤྱོད་ཐུབ།ལམ་ཐིག་དེ་ནི་གཞིས་རྩེ་དང་།རིན་སྤུངས།རྣམ་གླིང་།ལྷ་རྩེ།ངམ་རིང།ས་དགའ།འབྲོང་པ་བཅས་བར་ཡིན་པ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001336379851