གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ དཔེ་ བཟང་ སྔོན་ ཐོན་ གྲྭ་ བཙུན་ ཚོར་ སྲིད་ གཞུང་ གིས་ རྒན་ གསོ་ འགན་ བཅོལ་ གྱི་ རོགས་ དངུལ་ སྤྲོད་ རྒྱུ་ ཡིན་ པ།
2014-09-12        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    བོད་རང་སྐྱོང་ལྗོངས་ཀྱིས་2014ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཡོངས་ལ་ཁྱབ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ལག་ལེན་བསྟར་བ་དང་།བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ཚོར་རྒན་གསོ་འགན་བཅོལ་དངུལ་དེ་ལོ་འཁོར་གོང་མར་རང་ཉིད་ཀྱིས་བདམས་པའི་དངུལ་འཇལ་རིམ་པ་གཞིར་བཟུང་སྲིད་གཞུང་གིས་རོགས་དངུལ་100%སྤྲོད་རྒྱུ་དང་།ས་ཁུལ(གྲོང་ཁྱེར)རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ཚོར་རྒན་གསོ་འགན་བཅོལ་དངུལ་དེ་ལོ་འཁོར་གོང་མར་རང་ཉིད་ཀྱིས་བདམས་པའི་དངུལ་འཇལ་རིམ་པ་གཞིར་བཟུང་སྲིད་གཞུང་གིས་རོགས་དངུལ་50%སྤྲོད་རྒྱུ།རྫོང(གྲོང་ཁྱེར་དང་ཆུས)རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁོང་སུ་ཚུད་པའི་གྲྭ་བཙུན་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ཚོར་རྒན་གསོ་འགན་བཅོལ་དངུལ་དེ་ལོ་འཁོར་གོང་མར་རང་ཉིད་ཀྱིས་བདམས་པའི་དངུལ་འཇལ་རིམ་པ་གཞིར་བཟུང་སྲིད་གཞུང་གིས་རོགས་དངུལ་25%སྤྲོད་རྒྱུ་བཅས་རེད།

    ལོ་འཁོར་ནང་དུས་མཚུངས་སུ་རིམ་པ་མི་འདྲ་བའི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ཚོར་ཐོབ་པའི་མཚན་སྙན་གྱི་བྱ་དགའ་མཐོ་ཤོས་ཀྱི་ཚད་གཞི་གཞིར་བཟུང་སྲིད་གཞུང་གིས་དངུལ་འཇལ་ཁ་གསབ(ཁ་གསབ་དངུལ་མཐོ་ཤོས་སྒོར་2000ལས་མི་བརྒལ་རྒྱུ)སྤྲོད་རྒྱུ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001336380031