གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཏིང་ ཡེ་ ཤན་ གྱིས་ ཧྭ་ ཤིན་ ཨར་ འདམ་ བོད་ ལྗོངས་ ཚད་ ཡོད་ ཀུང་ སིར་ བརྟག་ ཞིབ་ གནང་ བ།
2014-09-12        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ཧྭ་ཤིན་ཨར་འདམ་བོད་ལྗོངས་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་།ལས་ཞུགས་ཐུབ་ཚུལ།ཁྲལ་འཇལ་གནས་ཚུལ།ཁེ་ལས་ཀྱི་ཕན་འབྲས་སོགས་ཀྱི་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ཁེ་ལས་འཕེལ་རྒྱས་གཏོང་བར་ཁྲོམ་རའི་ཆོས་ཉིད་དང་ཟུང་འབྲེལ་བྱས་ཁར་ཀྲུང་དབྱང་གི་བོད་སྐྱོར་སྲིད་ཇུས་ལ་གཞིགས་ནས་བོད་ཀྱི་ཐོན་ཁུངས་དང་ཁྲོམ་རའི་ལེགས་ཆ་ཉིད་ཁེ་ལས་ཀྱི་མ་དངུལ་དང་།ཤེས་ལྡན་པ།ལག་རྩལ་བཅས་ཀྱི་ལེགས་ཆ་དང་ཟུང་དུ་སྦྲེལ་ནས་གཉིས་ཕན་དང་མཉམ་དར་ཡོང་བ་བྱེད་དགོས་པ་དང་།བོད་སྐྱོར་བྱེད་པའི་བསམ་ཕྱོགས་དང་བོད་སྐྱོར་བྱེད་སྟངས་མུ་མཐུད་བསྒྱུར་ཏེ་ཐོན་ལས་བོད་སྐྱོར་གྱི་ཁྲིད་སྟོན་ནུས་པ་དང་དཔེ་མཚོན་ནུས་པ་གང་ལེགས་འདོན་དགོས་པ།རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་།ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།ཁྱད་ལྡན་ཐོན་ལས།ཐོན་ལས་གཙོ་བོ་བཅས་འཕེལ་རྒྱས་གཏོང་བའི་འགྲོ་ཕྱོགས་ཆེན་པོར་གཞིགས་ནས་བོད་ཀྱི་ཨར་སྐྲུན་རྒྱུ་ཆའི་ཁྲོམ་ར་འཆར་འགོད་དང་ཡར་རྒྱས་གཏོང་རྒྱུ་དེ་ཁེ་ལས་རང་ཉིད་ཀྱི་འཕེལ་རྒྱས་གཏོང་ནུས་དང་ཟུང་འབྲེལ་གྱིས་ཨར་སྐྲུན་རྒྱུ་ཆའི་ཁྲོམ་ར་ཚུད་པའི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ཏེ་ཐོན་ལས་དོ་དམ་དང་ཁྲོམ་རའི་བྲིན་ཚོང་ལ་དམ་འཛིན་གྱིས་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ།ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལེགས་པར་ཁུར་ནས་ཁེ་ལས་ཀྱི་ལག་རྩལ་དང་།དོ་དམ།ཤེས་ལྡན་པ་བཅས་ལས་བྱུང་བའི་མྱོང་བ་དང་ཁྲིམས་རར་སྦྲེལ་མཐུད་བྱེད་པའི་དགེ་མཚན་ལས་བྱུང་བའི་བྱེད་སྟངས་དང་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་དང་དར་སྤེལ་བཏང་ནས་རང་ལྗོངས་ཀྱི་ཁེ་ལས་ཁྲོད་དྲིལ་བསྒྲགས་དང་།མཛུབ་ཁྲིད།དཔེ་སྟོན་བཅས་མང་ཙམ་ཐུབ་པ་བྱས་ཏེ་ཁེ་ལས་ཀྱི་སྤུས་རྟགས་འཛུགས་པའི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་ལེགས་སྐྱེས་གང་ཆེ་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001336381631