གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། གུང་ གཞོན་ སྡེ་ ཚོགས་ ཀྲུང་ དབྱང་ གི་ ཁ་ གཏད་ བོད་ སྐྱོར་ ལས་ དོན་ ཚོགས་ འདུ་ ལྷ་ སར་ འཚོགས་ པ།
2014-09-15        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    སྤྱི་ཚེས་10ཉིན་གྱི་སྔ་དྲོ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། ཚོགས་འདུའི་ཐོག་སློབ་གསོའི་བོད་སྐྱོར་དང་ལས་ཞུགས་བོད་སྐྱོར། ཤེས་ལྡན་མི་སྣའི་བོད་སྐྱོར་བཅས་ལས་འགན་གཙོ་བོ་ཁག་གསུམ་མངོན་གསལ་དོད་པོས་དམ་འཛིན་ལེགས་པོ་བྱེད་དགོས་པ་གཏན་འཁེལ་བྱས་ཡོད།

    “གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཁ་གཏད་བོད་སྐྱོར་བྱེད་པའི་ཞིང་ལྗོངས་དང་གྲོང་ཁྱེར་བཅས་ཀྱི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་དང་། དེ་བཞིན་ཁོངས་གཏོགས་རྩ་འཛུགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བ་དང་ཡུན་རིང་བདེ་འཁོད་ཡོང་བའི་ཐད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གསུངས་གནང་བ་དང་། ཁོང་གིས“ལོ་20ཡི་ནང་ཚུན་དུ་གུང་གཞོན་སྡེ་ཚོགས་ཀྱི་བོད་སྐྱོར་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ནི་གངས་ལྗོངས་ས་མཐོའི་སྐལ་བཟང་མེ་ཏོག་བཞིན་ཁྲ་ཆེ་ལེར་མངོན་པས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དམིགས་གསལ་ཐུགས་འཁུར་གྱི་བཀའ་དྲིན་ཚོར་ཡོད”ཅེས་གསལ་སྟོན་གནང་།

    “རིམ་ཁག་གུང་གཞོན་སྡེ་ཚོགས་ཀྱི་རྩ་འཛུགས་ནས་བོད་ལྗོངས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་གུང་གཞོན་སྡེ་ཚོགས་སྤྱིའི་དོན་ཆེན་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དགོས”ཞེས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཆིན་དབྱི་ཀྲིས་གསུངས་གནང་བ་དང་། ཁོང་གིས“ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱར་གཞིགས་ནས་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་སྐོར་གྱི་ལས་དོན་བཀོད་སྒྲིག་ལ་དམིགས་ནས་གུང་གཞོན་སྡེ་ཚོགས་ཡོངས་ཀྱི་ནུས་ཤུགས་སྐུལ་སློང་བྱས་ཏེ་མུ་མཐུད་བོད་ཁུལ་གྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་རམ་དང་སྐུལ་འདེད་གཏོང་དགོས”ཞེས་གསལ་སྟོན་གནང་།

    ཆིན་དབྱི་ཀྲིས“གུང་གཞོན་སྡེ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཁྲོད་སློབ་གསོའི་བོད་སྐྱོར་དང་ལས་ཞུགས་བོད་སྐྱོར། ཤེས་ལྡན་མི་སྣའི་བོད་སྐྱོར་བཅས་ལས་འགན་གཙོ་བོ་ཁག་གསུམ་མངོན་གསལ་དོད་པོས་དམ་འཛིན་ལེགས་པོ་བྱེད་དགོས་པ་དང་། ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་དངུལ་རྩ་དང་ཁེ་ལས་ཀྱི་གུང་གཞོན་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་བོད་སྐྱོར་རྣམ་གྲངས་ས་ཆ་དེ་གའི་ཏང་ཨུད་སྲིད་གཞུང་གི་སྤྱིའི་འཆར་འགོད་ནང་བཅུག་སྟེ་ཕྱོགས་ཀུན་ནས་འཆར་འགོད་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ཚོགས་འདུའི་ཐོག་བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་ཁུལ་གྱི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོས་འབྲེལ་ཡོད་ལས་དོན་སྙན་སེང་ཞུས་པ་དང་། ཧེ་པེ་དང་ཅང་སུའུ། ཧྥུའུ་ཅན། ཧྲན་ཏུང་། ཧུའུ་པེ་བཅས་ཞིང་ཆེན་ལྔ་ཡི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་དང་དེ་བཞིན་ཀྲུང་དབྱང་གི་དངུལ་རྩ་དང་ཁེ་ལས་ཀྱི་གུང་གཞོན་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བོད་སྐྱོར་ཉམས་མྱོང་སྤེལ་རེས་གནང་ཡོད།  (ཚེ་རིང་བཟང་མོས་བསྒྱུར)

མཛའ་འབྲེལ་དྲ་བ།
010020070840000000000000011100001336430431