གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཏུན་ ཧོང གོར་ མོའི་ ལྕགས་ ལམ་ དང་ མཚོ་ བོད་ ལྕགས་ ལམ་ བར་ གྱི་ ལྕགས་ ལམ་ སྦྲེལ་ མཐུད་ ས་ ཚིགས་ སྒྱུར་ བཀོད་ བྱེད་ འགོ་ ཚུགས་ པ།
2014-09-15        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཚེས་13ཉིན་གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱས་པར། གསར་དུ་བསྐྲུན་པའི་ཏུན་ཧོང་ནས་གོར་མོའི་བར་གྱི་ལྕགས་ལམ་གྱི་གཙོ་གནད་ལས་གྲྭ་སྟེ་མཚོ་བོད་ལྕགས་ལམ་དང་ཏུན་ཧོང་ལྕགས་ལམ་བར་གྱི་སྦྲེལ་མཐུད་ས་ཚིགས་ཆི་མ་ཞ་མེ་འཁོར་བབས་ཚུགས་སྒྱུར་བཀོད་ལས་གྲྭ་མིག་སྔར་སྤེལ་བཞིན་ཡོད་ཅིང་། ཏུན་ཧོང་ནས་གོར་མོ་བར་གྱི་ལྕགས་ལམ་ནི་མཚོ་བོད་དང་ལན་ཤིན་བར་གྱི་ལྕགས་ལམ་ཆེ་མོ་གཉིས་ཀྱི་སྦྲེལ་མཐུད་གལ་ཆེན་ཞིག་ཡིན་པ་དེས་ལན་ཀྲོའུ་དང་མཚོ་སྔོན་བར་གྱི་ལྕགས་ལམ་དང་། ལན་ཀྲོའུ་དང་ཤིན་ཅང་བར་གྱི་ལྕགས་ལམ། མཚོ་བོད་ལྕགས་ལམ་བཅས་གཞི་གཅིག་ཏུ་འབྲེལ་ནས་ནུབ་བྱང་ས་ཁུལ་གྱི“སྐོར་ལམ་ལྕགས་ལམ”དྲ་བ་དང་པོ་དེ་གྲུབ་ཡོད་པ་རེད།

    སྤྱིའི་རིང་ཚད་སྤྱི་ལེ་509ཡོད་པའི་ཏུན་ཧོང་ནས་གོར་མོའི་བར་གྱི་ལྕགས་ལམ་བསྐྲུན་རྗེས་ནུབ་བྱང་ལམ་དྲའི་བཀོད་པ་འཐུས་ཚང་དང་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་འདོན་སྤེལ་ཐུབ་རྒྱུ་དང་། ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་། བོད་བཅས་ཞིང་ལྗོངས་བཞི་ཡི་ཕྱི་ཕྱོགས་དང་དཔལ་འབྱོར་རིག་གནས་སྤེལ་རེས་བྱ་རྒྱུ་དང་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་དེ་བཞིན་ཚྭ་འདམ་གཞོང་སའི་ཐོན་ཁུངས་གསར་སྤེལ་མགྱོགས་སུ་གཏོང་རྒྱུར་གལ་འགངས་ཧ་ཅང་ཆེ་བའི་དོན་སྙིང་ལྡན་ཡོད།    

མཛའ་འབྲེལ་དྲ་བ།
010020070840000000000000011100001336432231